首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 试听

ནད་ཕོག་པའི་ཡུལ་སྐོར་བ་དེར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་འདུག

2024-07-15 12:49:34

作者

ཚེ་རིང་རྒྱ་མཚོ།

评论
0



ཟླ་6པའི་ཚེས་24ཉིན། ཀྲུང་གོའི་ཧྥུའུ་ཅན་ནས་ཡིན་པའི་ཁྲེན་ཆེ་གེ་མོ་བལ་པོར་ཡུལ་སྐོར་བྱེད་རིང་གློ་བུར་དུ་ན་བ་དང་། བལ་པོའི་སྨན་ཁང་གིས་ཐོག་མའི་བརྟག་དཔྱད་བྱས་པ་བརྒྱུད་ཀླད་པའི་ཁྲག་རྩ་འགག་པའི་གཏན་འཁེལ་བྱས་པས། ནང་མིས་སྐྱིད་གྲོང་འགག་སྒོ་ནས་རྒྱལ་ཁོངས་སུ་འཛུལ་ཏེ་མྱུར་སྐྱོབ་བྱ་རྒྱུའི་གདམ་ག་བྱས་པ་རེད། གནས་ཚུལ་དེ་ཤེས་རྗེས། བོད་ལྗོངས་སྐྱིད་གྲོང་གི་རྒྱལ་མཚམས་ནས་འགྲོ་འོང་བྱེད་སའི་མཐའ་སྲུང་ཞིབ་བཤེར་ས་ཚིགས་དང་། སྐྱིད་གྲོང་འགག་སྒོའི་སྨན་ཁང་། དེ་བཞིན་སྐྱིད་གྲོང་འགག་སྒོ་བཅས་ལས་ཁུངས་གསུམ་གྱིས་འཕྲལ་མར་མཉམ་འབྲེལ་ཐོག་འཕྲལ་སྒྲུབ་རོགས་སྐྱོབ་ལམ་སྲོལ་ལག་བསྟར་བྱས་པ་རེད།

དེའི་རིང་། སྐྱིད་གྲོང་གི་རྒྱལ་མཚམས་ནས་འགྲོ་འོང་བྱེད་སའི་མཐའ་སྲུང་ཞིབ་བཤེར་ས་ཚིགས་དང་སྐྱིད་གྲོང་འགག་སྒོ་བཅས་ལས་ཁུངས་ཀྱིས་ནད་གཞི་ལྕི་བའི་ཡུལ་སྐོར་བ་དང་དེའི་ནང་མིར་ཛ་དྲག་གི་འགྲོ་ལམ་ཤར་གཏོང་བྱས་པ་དང་། རྒྱལ་ཁོངས་སུ་འཛུལ་བའི་འགྲོ་ལུགས་མགྱོགས་མྱུར་གཉེར་ནས་བདེ་བླག་ངང་འགག་སྒོ་སྒྲོལ་བར་འགན་ལེན་བྱས་ཡོད། སྐྱིད་གྲོང་འགག་སྒོའི་སྨན་ཁང་གིས་ནད་པར་མྱུར་སྐྱོབ་རླངས་འཁོར་དང་སྨན་གྲ་སྒྲིག་བྱས་པ་མ་ཟད། དུས་ཐོག་ཏུ་གཞིས་ཀ་རྩེ་མི་དམངས་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བསྐྱལ་ཡོད་པ་རེད།

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།



点赞

收藏

评论
已输入0
全部评论
加载更多评论