首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

མི་འདིས་ཁ་བསླུས་རྒྱག་མཁན་ལ་རོགས་པ་བྱས་པས་ཉེས་ཆད་ཕོག་འདུག

2024-07-15 13:04:24

作者

ཚེ་རིང་རྒྱ་མཚོ།

评论
0




ཉེ་ཆར། བསམ་གྲུབ་རྩེ་སྤྱི་བདེས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པའི་བྱེད་སྤྱོད་ལ་རོགས་རམ་བྱས་པའི་གྱོད་གཞི་1ཞིབ་བཤེར་ཐག་གཅོད་བྱས་ཡོད་པ་རེད།

ཟླ་6པའི་ཚེས་14ཉིན། བདེ་ལེགས་མངགས་གཏོང་ཁང་ལ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པའི་བྱེད་སྤྱོད་ལ་རོགས་རམ་བྱས་པའི་གྱོད་གཞི་ཞིག་འབྱོར་རྗེས་མི་དམངས་ཉེན་རྟོག་པས་འཕྲལ་དུ་བརྟག་དཔྱད་བྱས་ཡོད་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད། ལིའུ་ཆེ་གེ་མོས་རང་ཉིད་ལ་ཁེ་ཕན་རགས་ཆེད། མི་གཞན་གྱི་དངུལ་ཁང་གཱ་སྤྱད་དེ་ཁ་བསླུས་རྒྱག་མཁན་ལ་དངུལ་སྨར་སྒོར་ཁྲི་4ལེན་རོགས་བྱས་ཡོད་པ་རེད།

འདྲི་རྩད་བྱས་པ་བརྒྱུད། ལིའུ་ཆེ་གེ་མོས་རང་ཉིད་ཀྱིས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་རོགས་བྱས་པའི་ཁྲིམས་འགལ་དོན་དངོས་ངོས་ལེན་ཞུས་པ་རེད། བདེ་ལེགས་མངགས་གཏོང་ཁང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་ལིའུ་ཆེ་གེ་མོར་དངུལ་ཆད་སྒོར་1400བཅད་པ་མ་ཟད་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་བཏང་ཡོད་པ་རེད།

བསྐྱར་ཞུས། འཆི་མེད།

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

རྒྱ་ཡིག་ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེའི་འཕྲིན་སྟེགས།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论