首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

གཞིས་ཀ་རྩེའི་བྱུག་རྫས་ཚོང་ཁང་ཞིག་ལ་ཉེས་ཆད་སྒོར་16100བཏང་འདུག

2024-09-06 17:58:54

作者

次仁卓玛

评论
0



2024ལོའི་ཟླ་6པའི་ཚེས་5ཉིན། གཞིས་ཀ་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་མི་སྣས་བསམ་གྲུབ་རྩེ་ཆུས་མའེ་ཡན་ཐང་རྒྱུན་མཁོའི་དངོས་རྫས་ཚོང་ཁང་ལ་རྒྱུན་གཏན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས། ཚོང་ཁང་དེའི་ཟོག་སྒྲོམ་ཐོག་སྒྲིག་པའི་ཨ་ཅེ་སྣང་ས་སྐྲ་ཚོས་ལ་རྒྱ་ཡིག་གི་ཤོག་བྱང་མེད་པ་ཤེས་རྟོགས་བྱུང་བ་རེད། 2024ལོའི་ཟླ་6པའི་ཚེས་14ཉིན་ཁྲིམས་ལྟར་གྱོད་དོན་དེ་ཐོ་འགོད་བྱས་ཡོད་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད། དོ་བདག་གིས་ཤོག་བྱང་གཏན་འབེབས་དང་མི་མཐུན་པའི་མཛེས་འཆོས་བྱུག་རྫས་གཉེར་སྐྱོང་བྱས་པའི་བྱ་སྤྱོད་དེ་《མཛེས་འཆོས་བྱུག་རྫས་ལྟ་སྐུལ་དོ་དམ་སྲོལ་ཡིག་》གི་དོན་ཚན་སོ་ལྔ་པ་དང་དོན་ཚན་སོ་དྲུག་པའི་གཏན་འབེབས་དང་འགལ་ཡོད་པས། འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། གཞིས་ཀ་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་དོ་བདག་ལ་གཤམ་གསལ་གྱི་ཆད་པ་བཅད་པ་སྟེ།

1.གྱོད་གཞི་དང་འབྲེལ་བ་ཡོད་པའི་ཐོན་རྫས་ཨ་ཅེ་སྣང་ས་སྐྲ་ཚོས་ཁྱོན་སྒམ་20གཞུང་བཞེས་བཏང་བ།

2.ཁྲིམས་འགལ་གྱི་ཐོབ་ཆ་སྒོར་120གཞུང་བཞེས་བཏང་བ།

3.དངུལ་ཆད་མི་དམངས་ཤོག་སྒོར་16100བཅད་པ།

དངུལ་ཆད་དང་གཞུང་བཞེས་བཏང་བའི་གྲོན་དངུལ་ཁྱོན་བསྡོམས་སྒོར་16220ཡིན།

འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ཐེངས་ཀྱི་སྲིད་འཛིན་ཆད་གཅོད་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཡོད།


点赞

收藏

评论
已输入0
全部评论
加载更多评论