首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图2

བསམ་གྲུབ་རྩེ་སྤྱི་བདེས་རྐུན་མ་3འཛིན་བཟུང་བྱས་འདུག

2024-08-05 11:23:37

作者

ཚེ་རིང་རྒྱ་མཚོ།

评论
0



ཉེ་ཆར། བསམ་གྲུབ་རྩེ་སྤྱི་བདེས་རྐུན་མ་རྒྱག་པའི་གྱོད་གཞི་2ཞིབ་བཤེར་ཐག་གཅོད་བྱས་ཏེ་ཁྲིམས་འགལ་ཉེས་གསོག་དོགས་ཅན་མི་3འཛིན་བཟུང་བྱས་ཡོད་པ་རེད།

གྱོད་དོན་དང་པོ་ཕྱིར་དྲན།

ཟླ་7པའི་ཚེས་11ཉིན། བདེ་ལེགས་མངགས་གཏོང་ཁང་དུ་མྱུར་སྐྱེལ་པ་ཞིག་ཡོང་ནས་ཁོ་པ་ལུས་རྩལ་ཐང་གི་ཉེ་འགྲམ་དུ་མྱུར་སྐྱེལ་བྱེད་རིང་མྱུར་སྐྱེལ་རླངས་འཁོར་ནང་གི་མྱུར་སྐྱེལ་ཐུམ་སྒྲིལ་2རྐུན་མ་ཤོར་འདུག་ཅེས་བརྗོད།

མི་དམངས་ཉེན་རྟོག་པས་འཕྲལ་དུ་ས་ཡུལ་དངོས་སུ་བརྟག་དཔྱད་དཔང་ལེན་གྱི་ལས་དོན་སྤེལ་ཞིང་། ཕྱོགས་མང་པོའི་ཐད་འབད་བརྩོན་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་རིན་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱས་ཡོད་པ་མ་ཟད། མྱུར་དུ་འཛིན་བཟུང་བྱས་པ་རེད།



དྲི་རྩད་བྱས་པ་བརྒྱུད། རིན་ཆེ་གེ་མོས་མྱུར་སྐྱེལ་ཐུམ་སྒྲིལ་རྐུན་མ་རྒྱག་པའི་ཁྲིམས་འགལ་དོན་དངོས་ངོས་ལེན་བྱས་ཤིང་། མིག་སྔར་རིན་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་ཟིན་པ་རེད།

གྱོད་དོན་གཉིས་པ་ཕྱིར་དྲན།

ཟླ་7པའི་ཚེས་26ཉིན། ལྷན་ཤང་མངགས་གཏོང་ཁང་གི་ཉེན་རྟོག་པས་སྐོར་གཡེང་བྱེད་རིང་། རྒྱུས་མེད་སྐྱེས་པ་གཉིས་མི་གཞན་གྱི་སྒོ་འགྲམ་དུ་ཕར་འགྲོ་ཚུར་འོང་བྱེད་པ་མཐོང་ཡོད། དེ་ནས་ཉེན་རྟོག་པས་ཁོ་གཉིས་གང་བྱེད་མིན་སྐད་ཆ་འདྲི་སྐབས་མི་དེ་གཉིས་ཀྱིས་སྐད་ཆ་བརྐྱང་བསྐུམ་བྱེད་པ་དང་། རྣམ་འགྱུར་དངངས་སྐྲགཆེན་པོ་ཞིག་བསྟན་ཡོད་པས། ཉེན་རྟོག་པས་ཁོ་གཉིས་མངགས་གཏོང་ཁང་དུ་འཁྲིད་དེ་སྐད་ཆ་དྲིས་པ་རེད།

འདྲི་རྩད་བྱས་པ་བརྒྱུད། ཉིན་ཤས་བསྟུད་མར་ཁོ་གཉིས་ཀྱིས་མི་གཞན་གྱི་ཁང་པའི་ནང་གང་བྱུང་འཛུལ་ཏེ་གསེར་གྱི་མཛུབ་དཀྲིས་དང་དངུལ་སྨར་སོགས་རྒྱུ་ནོར་བརྐུས་ཡོད་པ་རེད། མིག་སྔར་རྐུན་མ་བརྐུ་མཁན་བཀྲ་ཆེ་གེ་མོ་དང་སྐལ་ཆེ་གེ་མོ་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཡན་ལག་རུ་ཁག་ལ་མུ་མཐུད་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད་པ་རེད།



བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་སྒྲོན།

རྒྱ་ཡིག་ཡིག་ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེའི་འཕྲིན་སྟེགས། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

,赞

点赞

收藏

评论
已输入0
全部评论
加载更多评论
热点推荐