首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

ར་བཟི་སྟེ་རྒྱུག་ཁྲ་བརྡུངས་ནས་བཅག་འདུག

2024-08-05 11:24:32

作者

ཚེ་རིང་རྒྱ་མཚོ།

评论
0



ཉེ་ཆར། བསམ་གྲུབ་རྩེ་སྤྱི་བདེས་ཆང་རག་བཏུངས་རྗེས་རླངས་འཁོར་བཏང་བའི་གྱོད་གཞི་ཞིག་རྩད་ཆོད་ཡོད་པ་རེད།



གྱོད་དོན་ཞིབ་ཕྲ།


ཟླ་7ཚེས་25ཉིན་གྱི་ཆུ་ཚོད་9དང་སྐར་མ་10ཐོག  ཆུ་ཤར་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་ཞིབ་བཤེར་བྱེད་སྐབས། འཁོར་རྟགས་བོད་DR***6ཡིན་པའི་SUVརླངས་འཁོར་ཞིག་ཤོར་ཡོང་ཏེ་ཞིབ་བཤེར་ས་ཚིགས་ཀྱི་རྒྱུག་ཁྲ་བརྡུངས་ནས་བཅག་པ་རེད།
ཉེན་རྟོག་པས་འཕྲལ་དུ་ཁ་ལོ་བར་འདྲི་རྩད་བྱས་པ་བརྒྱུད། ཁ་ལོ་བ་པ་ཆེ་གེ་མོ་དྲན་པ་མི་གསལ་བ་ཟད། ལུས་ཐོག་ཏུ་ཆང་དྲིས་ཁེངས་ཡོད་པས་ཆང་རག་བཏུངས་རྗེས་རླངས་འཁོར་བཏང་བའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་ཡོད། ཉེན་རྟོག་པས་པ་ཆེ་གེ་མོར་ཆང་བཅུད་ཞིབ་དཔྱད་ཚད་ལེན་བྱས་པ་བརྒྱུད། ཁོ་པའི་ལུས་པོའི་ནང་གི་ཆང་བཅུད་འདུས་ཚད་ནི་200mg/100mlཟིན་པས། ར་བཟི་རྗེས་འཕྲུལ་སྒུལ་འཁོར་རིགས་བཏང་བར་ཚུད་ཡོད་པ་རེད།


ཞིབ་བཤེར་བྱས་པ་བརྒྱུད། ཁ་ལོ་བ་པ་ཆེ་གེ་མོས་ཚེས་24དགོང་མོ་ནས་ཚེས་25ཉིན་གྱི་ཞོགས་པའི་ཆུ་ཚོད་8པ་ཡས་མས་བར་ཆང་རག་བཏུངས་ནས་བསྡད་པ་དང། ཁོ་པའི་བསམ་པར་ཁྱིམ་དུ་ལོག་པའི་ལམ་བར་རིང་པོ་མེད་པས་གནང་དག་ཡོག་མ་རེད་སྙམ་སྟེ་རླངས་འཁོར་བཏང་ཡོད། ཆུ་ཤར་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་སླེབས་སྐབས། རྦད་དེ་ར་བཟི་ནས་ཐད་ཀར་ཞིབ་བཤེར་ས་ཚིགས་ཀྱི་རྒྱུག་ཁྲ་ལ་བརྡུངས་ནས་བཅག་པ་རེད།
མིག་སྔར་གྱོད་གཞི་དེ་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ལ་མུ་མཐུད་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་ཡོད་པ་རེད།

བསྐྱར་ཞུས། འཆི་མེད།

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

རྒྱ་ཡིག་ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེའི་འཕྲིན་སྟེགས།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།


点赞

收藏

评论
已输入0
全部评论
加载更多评论
热点推荐