首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

བུད་མེད་དེ་ར་བཟི་ནས་རང་ཤི་བརྒྱབ་རྩིས་བྱས་པས་་་

2024-07-16 11:13:53

作者

ཚེ་རིང་རྒྱ་མཚོ།

评论
0



ཟླ་6པའི་ཚེས་25ཉིན་གྱི་ཐོ་རེངས་ཆུ་ཚོད་2དང་སྐར་མ་30ཙམ་ལ། ཤར་འདབས་འགྲུལ་སྐྱེལ་ས་ཚིགས་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ལ་བཀོད་འདོམས་ལྟེ་གནས་ཀྱི་བཀའ་འབྱོར་ནས་ཅི་ལིན་ཟམ་ཆེན་ཐོག་མི་ཞིག་རང་ཤི་བརྒྱབ་རྩིས་བྱེད་ཀྱི་ཡོད་པས། མགྱོགས་མྱུར་ས་ཡུལ་དངོས་སུ་ཉེན་རྟོག་པ་མངགས་དགོས་ཞེས་བརྗོད་པ་རེད།

ས་ཡུལ་དངོས་སུ་སླེབས་རྗེས། མི་དམངས་ཉེན་རྟོག་པས་ལོ་30ཡས་མས་ལ་སླེབས་པའི་བུད་མེད་ཅིག་ཟམ་པའི་སྒྲོམ་སྐྱོར་འགྲམ་དུ་བསྡད་ཡོད་པ་མཐོང་ཞིང་། དངངས་སྐྲག་ཆེན་པོས་ང་གསོན་འདོད་མི་འདུག་ཅེས་པ་སོགས་ཆིག་ལབ་ཤོད་བཞིན་ཟམ་པ་ནས་མཆོང་རྩིས་བྱེད་ཀྱི་ཡོད།

 རྣམ་པ་དེ་མཐོང་རྗེས་ཉེན་རྟོག་པས་བུད་མེད་དེར་སེམས་གསོ་གང་མང་བཏང་བ་དང་། སྐར་མ་20ཙམ་ཕྱིན་རྗེས་བུད་མེད་དེའི་སེམས་ཁམས་ལྷོད་དུ་ཕྱིན་ཏེ་རང་ཤི་རྒྱག་པའི་བསམ་བློ་དོར་རྗེས་ཉེན་རྟོག་པས་ཁོ་མོ་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་སུ་འཁྲིད་ཡོད་པ་རེད།

རྒྱུས་ལོན་བྱས་པ་བརྒྱུད། བུད་མེད་དེ་དགོང་མོ་དགའ་རོགས་དང་མཉམ་དུ་ཆང་རག་འཐུང་བར་ཕྱིན་པ་དང་། དོན་དག་ཙག་ཙིག་གི་དབང་གིས་རྩོད་གླེང་བྱུང་བས། རེ་ཞིག་བསམ་བློ་གཏོང་མ་ཐུབ་པར་རང་ཤི་བརྒྱབ་པའི་བསམ་བློ་འཁོར་ཡོད། མི་དམངས་ཉེན་རྟོག་པའི་ངང་རྒྱུད་རིང་པོས་སེམས་གསོ་བཏང་བ་བརྒྱུད། རང་ཉིད་ཀྱི་རིག་པ་མ་གསལ་བའི་བྱ་སྤྱོད་ལ་འགྱོད་པ་སྐྱེས་ནས་སླད་ཕྱིན་གླེན་རྟགས་རྩ་བ་ནས་མི་བྱེད་པའི་ཁས་བླངས་ཡོད། 

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ། 

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

རྒྱ་ཡིག་ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེའི་འཕྲིན་སྟེགས། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论