ཞོགས་པའི་ཉི་འོད་ཀྱི་ཁྲོད་དུ།
རྩྭ་འདབ་ཀྱི་ལྟེ་བར་ཆགས་པའི་ཟིལ་པ་ནི།
མུ་ཏིག་གི་ཕྲེང་རྒྱན་ལས་ཀྱང་མཛེས་པ།
འོད་ལམ་ལམ་གྱིས་རྩྭ་ཐང་དུ་འཚེར་ཡོད།
མེ་ཏོག་གི་བསུང་ཞིམ་སྣོམ་པའི་བུང་བ་གཞོན་ནུས།
ཟང་ཟིང་གི་གླུ་དབྱངས་གྱེར་ནས།
བསིལ་འཇམ་གྱི་རླུང་བུ་དང་བསྡེབས་ཏེ།
ཉིན་གང་བོར་སྤྲོ་སེམས་ཀྱིས་དགའ་སྟོན་ལ་རོལ།
སྦྲ་སྨུག་པོའི་ལྟག་པར།
གྱ་གྱུར་འཐེན་པའི་དུ་ཞག་ཅིག
ས་སྲོད་ཀྱི་མཚམས་སྤྲིན་ལ་ཕྱོགས་དུས།
ཡིད་སེམས་གསོ་བའི་འོ་དྲི་ཞིག་ལྷས་འདབས་ནས་བརྒྱུད་དེ།
དྲི་འཛིན་དབང་པོའི་ཡང་སྙིང་ལ་ཐིམ་ཡོང་།
དེ་ནི་འབྲོག་ཡུལ་ཡིན།
点赞
收藏