མཛའ་བརྩེ་གསེར་སྐུད་མདུད་པས་དམ་དུ་སྒྲིལ། །
བརྩེ་བ་ཆུ་དང་འོ་མས་ཕན་ཚུན་འཐམས། །
རི་རླུང་བར་དུ་ཆོད་པའི་བརྩེ་སེམས་དེ། །
རླབས་ཆེན་འཛམ་གླིང་གཡས་སུ་བཞག་ནས་ཡོད། །
མི་ཚེ་རིང་པོ་འཇིག་རྟེན་འཁྲུལ་བ་ཡི། །
བསམ་མེད་བྱིས་པ་ཅོལ་ཆུང་ང་ཡི་སེམས། །
དབང་མེད་ལ་ལུང་ཁྲོད་ནས་ཁྱེད་ལ་ཤོར། །
ལས་དབང་བཙན་པ་མིན་ནམ་ཅི་ཞིག་ཡིན། །
མི་ལུས་གཡར་པོ་ཡིན་པ་གསལ་བཞིན་དུ། །
ད་དུང་འཆི་བ་མ་དྲན་ཁྱེད་ལ་དུང་། །
མི་རྟག་སྒྱུ་མ་ཡིན་པ་རྟོགས་བཞིན་དུ། །
ད་དུང་འཇིགས་སྣང་མ་ཤེས་ཁྱེད་ལ་འཁོར། །
སྐྱོ་གར་འཁོར་ལོའི་ཁྲོད་ནས་ཁྱེད་རང་ཚོར། །
བདེ་སྐྱིད་ཞིང་ཁམས་དབུས་ནས་ཁྱེད་རང་བསམས། །
མདོར་ན་དགའ་སྐྱོ་ཆགས་སྡང་ཅི་བྱུང་རུང་། །
བློ་ནས་མི་བརྗེད་སེམས་ཀྱིས་དབུས་སུ་གསལ། །
点赞
收藏