首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > རྩོམ་རིག

༄༅། ། དིང་རིའི་དམངས་གཞས། བྲན་གྱིས།

2024-12-12 11:27:47

作者

评论
0

སྤང་ཁ་ཞེང་ཆེ་ལ་གངས་རི་མཐོང་ཞིང་། །

རླུང་དྲག་ཏུ་ལྡང་བས་བཤིག་སྒྲ་མཆེད་ཡོང་། །

རྩྭ་འཇགས་མའི་ཤུགས་གླུ་བར་མེད་ལེན་སའི། །

ཡུལ་དིང་རིའི་གཞུང་ཁོག་ཇི་འདྲའི་སྐྱིད་ཨང་། །


ཕར་བལྟས་ན་ནུབ་ཁའི་ཉི་ཟེར་ཕོག་པའི། །

གངས་ཇོ་མོ་གླང་མའི་དབུ་རྩེ་མཐོང་ཡོང་། །

བར་རི་ཆུ་སྟོང་གིས་ཆོད་པའི་ས་མཐའ། །

ཞེ་གངས་ལས་དཀར་བའི་དམ་ཚིག་དྲན་ཡོང་། །


དགོང་ཉི་མས་གྲིབ་མ་རིང་དུ་བསྲིངས་ཤིང་། །

ལུག་གཡང་དཀར་མ་བུ་ལྷས་ལ་འཁོར་ཡོང་། །

ཁྱི་རྒྱ་སྟག་ཁྲོས་པའི་ལྕགས་ལོང་སིང་སིང་། །

མཆོང་ཡོང་འདྲའི་ཉམས་དེ་མིག་ལ་ཚ་ཡོང་། །


གུར་ལྗང་སྐྱ་ཕུབ་པའི་ཨ་སྐྱོ་བ་དག །

རླུང་བསེར་བུའི་ཁ་ཡི་མགྲོན་པོར་གྱུར་བས། །

ཞག་གཅིག་གི་མཚན་ལམ་འདི་རུ་བསྐྱལ་བ། །

ཞེ་བསམ་པའི་གཏིང་ནས་བརྗེད་ས་མ་རེད། །


ཆུ་ཚ་པོ་འཕྱུར་བས་རླངས་པ་འཚུབ་འཚུབ། །

རླུང་ངར་མོ་ལྡང་ཚེ་སེམས་པ་སྐྱོ་སྐྱོ། །

ཆུ་དྲོན་མོའི་གཏིང་ནས་ཉ་མོ་ཇི་བཞིན། །

དུས་ལན་གཅིག་འཁྱུག་པའི་རྣམ་འགྱུར་རྒོད་ཨང་། །


དགོང་སྐར་མའི་གྲང་འདར་བརྒྱབ་པ་མ་མཐོང་། །

ཁྱི་ཟུག་པའི་གཅོང་སྐད་ཐོས་རྒྱུ་མ་བྱུང་། །

མིག་ཁྲ་ཆུང་ཟུང་གི་ལྟད་མོ་དེ་གས། །

གྲོགས་ན་ཟླ་སྐྱིད་པའི་ཀློང་ལ་བོས་བྱུང་། །


点赞

收藏

评论
已输入0
全部评论
加载更多评论