次仁卓玛
ཉེ་ཆར། གྲོང་ཨུད་གྲོང་ཁྱེར་འཛུགས་གཏོད་གཞུང་ལས་ཁང་གིས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་། གྲོང་ཁྱེར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས། གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག གཞིས་ཀ་རྩེ་གྲོང་ཁྱེར་སྐྱེལ་འདྲེན་ཀུང་སི་སོགས་འབྲེལ་ཡོད་ཚན་པ་10དང་མཉམ་འབྲེལ་ཐོག་བཀའ་རྒྱུད་མཎྜལ་ལམ་དུ་རྒྱུན་རྣམ་ཅན་གྱི་ཞོགས་པའི་ཞིབ་བཤེར་བྱས་པ་དང་། ཞིབ་བཤེར་བྱེད་རིང་གཤམ་གསལ་གྱི་གནད་དོན་ཤེས་རྟོགས་བྱུང་བ་སྟེ།
1.ལམ་དུམ་དེར་འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་འཁོར་རིགས་མིན་པ་གཉིས་ཀ་གང་བྱུང་དུ་བཞག་པས་རྐང་ཐང་དུ་འགྲོ་མཁན་ལ་ཤུགས་རྐྱེན་བཟོས་ཡོད་པ།
2.འཕྲུལ་སྒུལ་འཁོར་རིགས་ཀྱིས་མེ་གསོད་འགྲོ་ལམ་བཀག་པ།
3.འཁྱམས་ཁྱི་ཡོདཔ།
1.ལམ་དུམ་གཡས་གཡོན་གྱི་ཚོང་ཁང་སྒོ་མདུན་གྱི་འགན་ལེན་གསུམ་གྱི་འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་མེད་པའི་སྣང་ཚུལ་གནས་ཡོད་པ།
2.ཡབ་གཞིས་བུ་བཅོལ་ཁང་གི་ཤར་ངོས་རླངས་འཁོར་འཇོག་སའི་ཁོར་ཡུག་གཙང་སྦྲ་ཞན་པ་དང་གད་སྙིགས་མང་པོ་སྤུངས་ཡོད་པ།
3.སྤྱི་པའི་གསང་སྤྱོད་ཀྱི་སྒོ་ཁའི་གཙང་སྦྲ་ཞན་པ་དང་། དྲི་མ་ངན་པ། གད་སྙིགས་བླུག་སྣོད་ཆག་སྐྱོན་ཤོར་བ་སོགས་ཀྱི་སྣང་ཚུལ་གནས་ཡོད་པ།
4.བཙོག་ཆུ་འབོར་ཆེན་མི་འགྲོ་སའི་ལམ་དུ་རྒྱུག་པ།
1.ལམ་དུམ་ཡོངས་ལ་ལམ་སྒྲོན་བརྡ་ཁྱབ་བྱང་བུ་ཚོས་ཞུས་པ་དང་ཆག་སྐྱོན་ཤོར་བ། གློག་སྒྲོན་བསྒར་མེད་པ་བཅས་ཀྱི་སྣང་ཚུལ་ཡོད་པ།
2.འགྲོ་ལམ་གཡས་གཡོན་གྱི་སྒྲོམ་སྐྱོར་གང་བྱུང་སྤོས་པའི་སྣང་ཚུལ་ཡོད་པ།
3.མི་བགྲོད་ལམ་གྱི་འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་རྒྱུན་གཏན་མིན་པ།
4.མི་བགྲོད་ལམ་སྨི་གྲུ་བཞི་མ་གཅིག་ཡན་ཆག་སྐྱོན་ཤོར་བའི་སྣང་ཚུལ་ཡོད་པ།
点赞
收藏