首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

སང་ཉིན་ནས་བཟུང་། སྐྱིད་གྲོང་རྫོང་གྲོང་ནས་གུང་ཐང་ཤང་བར་གྱི་ལམ་དུམ་་་

2024-07-31 13:03:48

作者

ཚེ་རིང་རྒྱ་མཚོ།

评论
0

སྐྱིད་གྲོང་རྫོང་G216ལམ་མདོ་ཁ་ནས་ཀོ་ཐང་ཤང་བར་གྱི་གཞུང་ལམ་ཧྲིལ་པོར་ཨར་ལས་འགྲིམ་འགྲུལ་བཀག་སྡོམ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲཌ།

སྐྱིད་གྲོང་རྫོང་G216ལམ་མདོ་ཁ་ནས་ཀོ་ཐང་ཤང་བར་གྱི་གཞུང་ལམ་ལས་གྲྭའི་རྣམ་གྲངས་K105-K106གཡང་གཟར་ལམ་གྱི་གྱང་ངོས་སུ་ཨར་ལས་བྱ་དགོས་པས་ཨར་ལས་ཀྱི་བདེ་འཇགས་འགན་ལེན་བྱ་ཆེད་ལམ་ཧྲིལ་པོར་བཀག་སྡོམ་བྱ་རྒྱུའི་སྤྱི་བསྒྲགས་གཤམ་གསལ།

གཅིག འགྲིམ་འགྲུལ་བཀག་སྡོམ་ཀྱི་དུས་ཚོད། 2024ལོའི་ཟླ་7པའི་ཚེས་25ཉིན་ནས་ཟླ་9པའི་ཚེས་13ཉིན་བར།

གཉིས། སྐོར་ནས་འགྲོ་སའི་ལམ་ཐིག་ནི་སྐྱིད་གྲོང་རྫོང་གྲོང་ནས་ཀོ་ཐང་ཤང་བར་སྐྱོད་མཁན་ཡིན་ཚེ་སྐྱིད་གྲོང་རྫོང་རྒྱལ་ལམ་216ཀྱི་དགུན་གྲོང་ཚོའི་ལམ་མདོ་ཁ་ནས་གཙང་གྲོང་ཚོའི་བར་སྐོར་ནས་ཀོ་ཐང་ཤང་དུ་འབྱོར་ཐུབ་ཀྱི་ཡོད། ཀོ་ཐང་ཤང་ནས་སྐྱིད་གྲོང་རྫོང་གྲོང་དུ་སྐྱོད་མཁན་ཡིན་ཚེ། ཀོ་ཐང་ཤང་གངས་སྤོས་གྲོང་ཚོའི་ཞིབ་བཤེར་ས་ཚིགས་ཀྱི་ལམ་མདོ་ཁ་ནས་གཙང་གྲོང་ཚོར་སྐོར་ར་བརྒྱབ་སྟེ་གཙང་གྲོང་ཚོ་ནས་རྒྱལ་ལམ་216རྒྱུད་ཀྱི་ལམ་མདོ་ཁའི་གཞུང་ལམ་བརྒྱུད་དེ་སྐྱིད་གྲོང་རྫོང་གྲོང་དུ་འབྱོར་ཐུབ་ཀྱི་ཡོད།       

གསུམ། འགྲིམ་འགྲུལ་བཀག་སྡོམ་བྱེད་རིང་རྣམ་གྲངས་དེའི་འགོ་ཚུགས་ས་དང་མཇུག་འགྲིལ་སར་མངོན་གསལ་དོད་པའི་འགྲིམ་འགྲུལ་དོ་དམ་གྱི་དྲན་སྐུལ་སྤྱི་བསྒྲགས་བཀོད་སྒྲིག་བྱ་རྒྱུ་དང་ཆབས་ཅིག་ཕུ་ལག་གྲོང་ཚོ་(K5+500m)དང་གངས་སྤོས་གྲོང་ཚོའི་སྤྱི་བདེ་ཞིབ་བཤེར་ས་ཚིགས་སུ་ཆུ་ཚོད་24རིང་ཆེད་མངགས་མི་བཀོད་སྒྲིག་བྱས་ནས་ལམ་སྟོན་བྱ་རྒྱུ་ཡིན། 

སྐྱིད་གྲོང་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ནས།

2024ལོའི་ཟླ་7པའི་ཚེས་22ཉིན།


བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།


点赞

收藏

评论
已输入0
全部评论
加载更多评论
热点推荐