首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

གྲོང་ཁྱེར་ཐད་གཏོགས་དྲིལ་བསྒྲགས་དང་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱི་༢༠༢༤ལོའི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

2024-07-25 21:45:41

作者

评论
0

སྤྱི་ཟླ་༣པའི་ཚེས་༢༢ཉིན་གྱི་ཕྱི་དྲོ། གྲོང་ཁྱེར་ཐད་གཏོགས་དྲིལ་བསྒྲགས་དང་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱི་༢༠༢༤ལོའི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།    

གྲོང་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་སྐལ་བཟང་སྒྲོལ་མ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག  ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ཐད་རེ་བ་མཐོ་བ་དང་འགན་འཁྲི་ལྕི་བས་སྤྱི་ཡོངས་སྟངས་འཛིན་དང་མཐུན་སྦྱོར་སྐུལ་འདེད། སྐབས་ཐོག་གི་ཕན་འབྲས་ཐོན་པ་བཅས་ཀྱིས་ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་བྱས་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས་པ།  སྲིད་དོན་གཙང་སྐྱོང་གི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་བསམ་བློའི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་ནན་པོ་བྱས་ནས་སྤྱོད་ཚུལ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁྲིམས་ཀྱི་གཅུན་འདོམས་ཆགས་པ་བྱེད་པ། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལས་ཀའི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཕྱོགས་ལྔའི་ཐད་ནས་དམ་འཛིན་བྱས་ཏེ་དྲིལ་བསྒྲགས་དང་རིག་གནས་སྡེ་ཁག་གི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་ཀའི་རྣམ་པ་གསར་པ་གཏོད་རྒྱུར་འབད་བརྩོན་བྱ་དགོས་པའི་ནན་གསུངས་གནང་པ་རེད།

 (བདེ་སྐྱིད་ཀྱིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐