首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

བསྡུས་གསལ་གསར་འགྱུར།

2024-07-25 21:45:24

作者

评论
0

● ཉེ་ཆར། གཏིང་སྐྱེས་རྫོང་གཉིས་བཀུར་གཞུང་ལས་ཁང་དང་༧༧༦༣༩དཔུང་སྡེས་༢༠༢༤ལོའི་དཔྱིད་དུས་དམག་ཞབས་ཐིམས་པའི་དམག་མིར་དགའ་སྐྱེལ་བྱེད་པའི་མཛད་སྒོ་འཚོགས་པ་རེད། མཛད་སྒོའི་ཐོག  གཏིང་སྐྱེས་རྫོང་གི་འབྲེལ་ཡོད་འགན་འཁུར་བས་དམག་ཞབས་ཐིམས་པའི་དམག་མི་རྒན་གྲས་ལ་ཁ་བཏགས་གཡོགས་ཏེ་ཁོང་ཚོར་དམག་ཞབས་ཐིམས་ཀྱང་དཔའ་མི་ཉམས་པ་དང་། དམག་དཔུང་ནས་བྲལ་ཡང་ཏང་དང་ཁ་མི་བྲལ་བ་བྱས་ཏེ་ལས་གནས་གསར་པའི་ཐོག་འོད་སྟོང་གསར་པ་གཏོད་རྒྱུའི་བླང་བྱ་བཏོན་ཡོད་པ་རེད། གོམ་སྟབས་རྗེས་མར། གཏིང་སྐྱེས་རྫོང་གིས་དམག་ཞབས་ཐིམས་པའི་དམག་མིའི་གཟིགས་སྐྱོང་ལས་དོན་ཁག་ཏན་ཏིག་ངང་བསྒྲུབ་ནས་སྤྱི་ཚོགས་ཐོག་དམག་མིར་དགའ་ཞེན་དང་དམག་མིར་བརྩི་འཇོག  དམག་མིར་གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་པ་རེད།

● སྤྱི་ཟླ་༣པའི་ཚེས་༡ཉིན། གཏིང་སྐྱེས་རྫོང་སློབ་གསོ་ཅུད་དང་རྫོང་ཁྲིམས་འཛིན་ཅུད་ཀྱིས་མཉམ་འབྲེལ་ཐོག་རྫོང་སློབ་གྲྭ་འབྲིང་ཆུང་གི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་གདན་ཞུ་བསྐོ་བཞག་གི་མཛད་སྒོ་འཚོགས་ནས། ཏིང་ལི་མིན་སོགས་ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པ་༡༢ལ་གདན་ཞུའི་ཡི་གེ་སྤྲད་པ་རེད། སླད་ཕྱིན་རྫོང་གི་ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་ལས་དོན་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཁྲིམས་སྐྱོང་སློབ་སྤྱི་གཞོན་པ་དེ་སློབ་གྲྭའི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བ་བྱས་ཏེ་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་། ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་ཆགས་པ་བྱས་ཏེ་ཁྲིམས་སྐྱོང་སློབ་གྲྭ་དང་དུས་བདེའི་སློབ་གྲྭ་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

● ཉེ་ཆར། བཞད་མཐོང་སྨོན་རྫོང་སློབ་གསོ་ཅུད་ཀྱིས་སློབ་གྲྭའི་འཚོ་བར་སྤྱོད་པའི་རླངས་འཁོར་སྤྲོད་པའི་མཛད་སྒོ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རླངས་འཁོར་སྤྲོད་པའི་མཛད་སྒོའི་ཐོག་བཞད་མཐོང་སྨོན་རྫོང་སློབ་འབྲིང་དང་མཐོང་སྨོན་ཤང་སློབ་ཆུང་། དར་ལྡིང་ཤང་སློབ་ཆུང་། མཚོ་བཞི་ཤང་སློབ་ཆུང་སོགས་སློབ་གྲྭར་ཁྱོན་འཚོ་བར་སྤྱོད་པའི་རླངས་འཁོར་དགུ་སྤྲད་པ་རེད།

● ཉེ་ཆར། གཏིང་སྐྱེས་རྫོང་རྒྱལ་མཁར་གྲོང་རྡལ་རྒོད་སྤགས་གྲོང་ཚོར་༢༠༢༣ལོའི་རྒོད་སྤགས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དེ་བཞིན་གཏིང་སྐྱེས་རྫ་ཆུ་དམར་པོ་ཞིང་པའི་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་ཁེ་སྤོགས་བགོ་བའི་མཛད་སྒོ་འཚོགས་ནས། གྲོང་ཚོའི་དུད་ཚང་༦༦གི་མི་༣༠༠ལ་ཁྱོན་ཁེ་སྤོགས་སྒོར་ཁྲི་༢༧བགོས་པར་དུད་ཚང་རེར་འབབ་འཕར་སྒོར་༤༡༧༠བྱུང་ཡོད་པ་རེད། 

(ཚེ་དབྱངས་དང་པ་སངས་ཆུང་བདག་གིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐