首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

ཧྲང་ཧའེ་གྲོང་ཁྱེར་སྲིད་གྲོས་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱིས་ག་སྦྱར་བོད་སྐྱོར་ལས་དོན་གྱི་གྲོས་མོལ་ཚོགས་འདུ་འཚོགས་པ།

2024-07-25 21:41:20

作者

评论
0

ཉེ་ཆར། ཧྲང་ཧའེ་གྲོང་ཁྱེར་སྲིད་གྲོས་དཔལ་འབྱོར་དང་དངུལ་རྩ་ཨུ་ལྷན་དང་བོད་རང་སྐྱོང་ལྗོངས་སྲིད་གྲོས་དཔལ་འབྱོར་དང་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱིས་ག་སྦྱར་བོད་སྐྱོར་ལས་དོན་གྱི་གྲོས་མོལ་ཚོགས་འདུ་འཚོགས་པ་རེད།     

 ཧྲང་ཧའེ་གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཞི་གཞོན་པ་ཤའོ་ཀུའེ་ཡུས་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི། ཀྲུའུ་ཞི་གཞོན་པ་པད་མ་དབང་འདུས་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།     

ཤའོ་ཀུའེ་ཡུས་ཀྱིས་གཞིས་ཀ་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་འབྲེལ་གཞིས་ཀ་རྩེས་དུས་ཡུན་རིང་པོའི་ནང་བོད་སྐྱོར་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཧྲང་ཧའེ་གྲོང་ཁྱེར་སྲིད་གྲོས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ས་ཁོངས་ལས་བརྒལ་བའི་མཉམ་འགུལ་གྲོས་མོལ་དང་མཉམ་སྐྲུན་འཚོལ་ཞིབ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལག་ལེན་བྱ་ཐབས་ཕུན་སུམ་ཚོགས་སུ་གཏོང་བ་དང་འཐུས་ཚང་དུ་བཏང་ནས་ས་གནས་གཉིས་ཀྱི་སྲིད་གྲོས་ཨུ་ཡོན་ལ་ཐབས་འདོན་ཇུས་འབུལ་བྱ་རྒྱུར་ལས་སྟེགས་བསྐྲུན་པ། ས་གནས་གཉིས་ཀྱི་སྲིད་གྲོས་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཧྲང་ཧའེ་དང་བོད་ལྗོངས་ཀྱི་མཉམ་ལས་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་རྒྱུར་རམ་འདེགས་བྱེད་པ། རྒྱལ་ཁབ་ཀྱི་དོན་ཆེན་ལ་གཞི་ཚུགས་ནས་ག་སྦྱར་བོད་སྐྱོར་ལས་དོན་ལ་མཆོང་སྐྱོད་གསར་པ་ཡོང་རྒྱུར་རམ་འདེགས་བྱེད་པ། ཀྲུང་དབྱང་གི་བླང་བྱ་དང་ཧྲང་ཧའེ་ཡི་ནུས་པ། གཞིས་ཀ་རྩེའི་དགོས་མཁོ་བཅས་ལ་གཞིགས་ནས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་བཏང་སྟེ་ས་གནས་དེ་གའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཐུན་མོང་ཐོག་ཤུགས་སྣོན་རྒྱག་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཧྲང་ཧའེ་དང་བོད་ལྗོངས་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ། མཉམ་ལས་སྤེལ་རེས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ། སྲིད་གྲོས་ཀྱི་འགན་འཁྲི་ལག་བསྟར་བྱས་ཏེ་ཧྲང་ཧའེ་དང་བོད་ལྗོངས་ཀྱི་ག་སྦྱར་གྲོས་མོལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་ཕན་འབྲས་དངོས་ཐོན་པ་བྱེད་པ། ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། རྟོག་ཞིབ་དང་བརྟག་ཞིབ་གཏིང་ཟབ་བྱེད་པ། ཚན་རིག་དང་མཐུན་པའི་ཐབས་འདོན་ཇུས་འབུལ་བྱེད་པ་བཅས་བྱས་ཏེ་གཞིས་ཀ་རྩེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།  

པད་མ་དབང་འདུས་ཀྱིས། ག་སྦྱར་བོད་སྐྱོར་གྱི་གྲོས་མོལ་བྱེད་སྟངས་གསར་པ་དེས་རང་ལྗོངས་སུ་དོན་ཆེན་བཞི་དོན་འཁྱོལ་བྱ་རྒྱུར་སྐུལ་མ་ཐེབས་ངེས་རེད། ས་གནས་གཉིས་ཀྱི་སྲིད་གྲོས་ཀྱིས་མུ་མཐུད་སྟོབས་ཤུགས་གཅིག་སྒྲིལ་གྱིས་རོགས་ལས་བྱས་ཏེ་ག་སྦྱར་བོད་སྐྱོར་བྱས་ནས་ལོ་༣༠རིང་གི་རྩ་ཆེའི་ཉམས་མྱོང་དང་བློ་སྒོ་གལ་ཆེན་ལ་ཕྱོགས་སྡོམ་ཡག་པོ་བྱེད་པ་དང་བོད་སྐྱོར་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་སྟེ་ཐོན་ལས་དང་སློབ་གསོ། སྨན་བཅོས་སོགས་ཁྱབ་ཁོངས་མང་པོའི་བོད་སྐྱོར་ལས་དོན་འཕེལ་རྒྱས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུའི་ཐད་མུ་མཐུད་འབད་བརྩོན་བྱས་ཏེ་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་གསར་གཏོད་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བ་དང་རིམ་པ་སྔར་ལས་གཏིང་ཟབ་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། ས་གནས་གཉིས་པོའི་སྲིད་གྲོས་ཀྱི་ཤེས་ལྡན་མི་སྣ་མང་བ་དང་རིག་སྟོབས་འདུས་པའི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ནས་ས་གནས་གཉིས་ཀྱི་ནུས་རྒྱུ་གཙང་མ་དང་གྲངས་གཞིའི་དཔལ་འབྱོར། ལྗང་མདོག་དངུལ་རྩ་སོགས་ཁྱབ་ཁོངས་མཉམ་ལས་ཀྱི་མངོན་མེད་ནུས་ཤུགས་སྔོག་འདོན་བྱེད་པ། གཞིས་ཀ་རྩེར་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཤུགས་ཆེན་གཏོང་རྒྱུར་རོགས་རམ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་དེ་བས་ལེགས་པའི་སྒོ་ནས་མཉམ་འདྲེས་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག  ས་གནས་གཉིས་པོའི་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ཁག་སོ་སོར་ག་སྦྱར་བོད་སྐྱོར་ལས་དོན་གྱི་གཞི་རྩའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཚོགས་ཞུགས་ཨུ་ཡོན་ཚོས་བརྗོད་དོན་གཙོ་བོར་དམིགས་ནས་གྲོས་མོལ་དང་བཞུཌ་མོལ་གནང་བ་རེད།

གྲོང་ཁྱེར་གྱི་འགོ་ཁྲིད་བེང་དབྱིད་ཧའོ་དང་ཐུབ་བསྟན་ཚེ་རིང་། ལིའི་ཡུན་ཧྲེང་བཅས་ཚོགས་འདུར་ཞུགས་པ་རེད།   

 (ཚེ་དབྱངས་ཀྱིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐