首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

ཁང་དམར་རྫོང་གིས་གཞོན་ནུ་ལོ་ཆུང་གི་ལད་ཟློས་ཁྲིམས་རའི་བྱེད་སྒོ་སྤེལ་བ།

2024-07-25 21:41:20

作者

评论
0

ཉེ་ཆར། ཁང་དམར་རྫོང་མང་ཚོགས་ཚོགས་པའི་ལས་དོན་པུའུ་དང་ཁང་དམར་རྫོང་མི་དམངས་ཁྲིམས་ཁང་གིས་ས་ཕུད་སྒང་ལྟེ་བའི་ཁྲིམས་ཁང་དུ་ཁྲིམས་རའི་སྒོ་དབྱེའི་ཉིན་མོ་དང་ཟུང་འབྲེལ་གྱིས་སློབ་གྲྭའི་ནང་བརྙས་བཅོས་དང་བཙན་ཤེད་མི་བྱེད་པར་ཁྲིམས་ཤེས་པ་དང་ཁྲིམས་སྲུང་བའི་གཞོན་ནུ་བཟང་པོ་ཞིག་བྱེད་དགོས་ཞེས་པའི་གཞོན་ནུ་ལོ་ཆུང་གི་ལད་ཟློས་ཁྲིམས་རའི་བྱེད་སྒོ་སྤེལ་བ་རེད།

  ད་ཐེངས་ཀྱི་ལད་ཟློས་ཁྲིམས་ར་དེ་ནི་ན་སོ་དར་ལ་མ་བབས་པའི་མིས་རྐང་བཙུགས་ནས་རྨས་སྐྱོན་བཏང་བའི་གྱོད་གཞི་དེ་ཁྲིམས་རའི་འདྲི་གཅོད་ཀྱི་ནང་དོན་གཙོ་བོར་བྱས་ནས་ས་ཕུད་སྒང་ཤང་སློབ་ཆུང་གི་སློབ་མ་༡༦གིས་འདྲི་གཅོད་པ་ཆེ་མོ་དང་འདྲི་གཅོད་པ། གཞུང་གཏུག་པ། དག་འབུད་མཁན། ཞུ་སྦྱོར་ཕྱི་མ། ཁྲིམས་ལུགས་ཉེན་རྟོག་པ་སོགས་ཀྱི་མི་སྣའི་ཆས་སྤྲས་ཏེ་ལད་ཟློས་ཁྲིམས་ར་འཁྲབ་པ་རེད།

ཁྲིམས་རའི་འདྲི་གཅོད་བྱེད་རིང་། གཅིག་མཇུག་གཉིས་མཐུད་ངང་སྒམ་བརླིང་དང་གོ་རིམ་ལྡན་པའི་སྒོ་ནས་གཞོན་ནུ་ལོ་ཆུང་ཚོས་ཁྲིམས་ཤེས་པ་དང་ཁྲིམས་སྲུང་བ། ཁྲིམས་བེད་སྤྱོད་ཐུབ་པ་བཅས་བྱ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ཡོད་པ་རེད།

 (བདེ་སྐྱིད་ཀྱིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐