首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

ཝང་ཧྥང་ཧུང་གིས་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་དོན་ལ་བརྟག་ཞིབ་གནང་བ།

2024-07-25 21:41:20

作者

评论
0

ཉེ་ཆར། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། གྲོང་སྤྱི་ཝང་ཧྥང་ཧུང་གིས་གྲོང་ཁུལ་གྱི་སློབ་གྲྭ་ཁག་ཏུ་ཟབ་འཇུག་གནང་ནས་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་བཟའ་བཅའི་བདེ་འཇགས་ལས་དོན་གྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རྒྱུན་ལས་གྲོང་སྤྱི་གཞོན་པ་ལའེ་ཡུང་ཅན་དང་གྲོང་སྤྱི་གཞོན་པ་ལིའུ་ཧྭ་ཀྲུང་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས་ཡོད་པ་རེད།

ཝང་ཧྥང་ཧུང་གིས་སྔ་རྗེས་སུ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ་དང་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ། གྲོང་ཁྱེར་སློབ་ཆུང་། གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོ། གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གྲྭ་དང་པོ། གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་གྲྭ་སོགས་སུ་ཕེབས་ནས་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་སོགས་ཀྱི་གནས་ཚུལ་དང་འཐབ་ཕྱོགས་དང་པོའི་དགེ་རྒན་གྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ། ས་ཡུལ་དངོས་སུ་འབྲེལ་ཡོད་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་གཞུང་དོན་སྒྲུབ་ནས་དོན་དངོས་གནད་དོན་ཐག་གཅོད་ཀྱང་གནང་བ་རེད།

ཝང་ཧྥང་ཧུང་གིས་སློབ་གསོ་ནི་དམངས་འཚོའི་འདུ་འགོད་ཆེ་ཤོས་དེ་ཡིན་ཞིང་། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་འདུ་འགོད་ཆེ་ཤོས་སུ་བརྩིས་ཏེ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་མཁོ་སྤྲོད་བྱེད་རྒྱ་ཆེ་རུ་གཏོང་བ་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྤུས་ལེགས་སློབ་གསོའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་དགོས་པ། སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་སྔར་བས་སྐུལ་སྤེལ་དང་གསར་གཏོད་ཀྱི་བསྔགས་སྐུལ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དགེ་རྒན་དཔུང་ཁག་གི་ཧུར་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་གང་ལེགས་བཅས་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས་པ།  སློབ་གསོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་སྤེལ་གང་མགྱོགས་གཏོང་བ་དང་མིག་སྔའི་ཨར་ལས་ཀྱི་གོ་སྐབས་བཟང་པོར་དམ་འཛིན། ཚན་རིག་དང་མཐུན་ཞིང་ལུགས་མཐུན་ངང་ཨར་ལས་སྟོབས་ཤུགས་བཀོད་གཏོང་དང་ཨར་ལས་འཛུགས་སྐྲུན་ལ་དམ་འཛིན་བཅས་བྱས་ཏེ་སློབ་གསོའི་རྣམ་གྲངས་འཛུགས་སྐྲུན་དུས་བཀག་ལྟར་ལས་མཇུག་སྒྲིལ་བ་དང་བེད་སྤྱོད་ཐུབ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས་པ། བདེ་འཇགས་ཐོན་སྐྱེད་ཀྱི་གཞི་ཐིག་བརྟན་སྲུང་དང་ལས་ཀའི་འགན་འཁྲི་ནན་སྒྲུབ། བདེ་འཇགས་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། མངོན་མེད་རྐྱེན་ངན་སྣ་ཚོགས་སེལ་བ་བཅས་བྱས་ཏེ་བདེ་འཇགས་ཀྱི་ལས་འཛོལ་ཐོན་རྒྱུ་གཏན་འགོག་བྱེད་དགོས་ཞེས་གསུངས་པ་རེད།

གྲོང་ཁྱེར་སློབ་ཆུང་དུ། ཝང་ཧྥང་ཧུང་གིས་ཟས་རིགས་བདེ་འཇགས་ཀྱི་འགན་འཁྲི་གཉིས་ཀྱི་ལས་དོན་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་དང་མཛུབ་སྟོན་གནང་ཞིང་། ཁོང་གིས། སློབ་གྲྭའི་ཟས་རིགས་བདེ་འཇགས་ནི་སློབ་མ་བདེ་ཐང་ངང་འཚར་ལོངས་དང་འབྲེལ་བ་ཡོད་པས། འབྲེལ་ཡོད་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་ཟས་རིགས་བདེ་འཇགས་ཀྱི་རྩ་བ་དེ་དམ་པོར་བཟུང་སྟེ་ཟས་རིགས་བདེ་འཇགས་ཀྱི་ཁོངས་གཏོགས་དོ་དམ་འགན་འཁྲི་དང་སློབ་གྲྭའི་གཙོ་རྐང་འགན་འཁྲི་ནན་དུ་གཏོང་བ། ཟས་རིགས་བདེ་འཇགས་ཀྱི་ལྟ་སྐུལ་འགན་ལེན་ལས་ཀར་ཤུགས་སྣོན་རྒྱག་པ། ཟས་རིགས་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ནན་པོ་དང་ཚད་ལྡན་དུ་གཏོང་བ། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སློབ་གྲྭའི་ཟས་རིགས་བདེ་འཇགས་འཕྲོད་བསྟེན་དང་འཚོ་བཅུད་བདེ་ཐང་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ་རེད།

 (པ་སངས་ཆུང་བདག་གིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐