首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སྒྲོམ་སྟེགས་སྤོ་ལོའི་འདེམས་སྒྲུག་འགྲན་བསྡུར་གཉེར་བ།

2024-07-25 21:41:20

作者

评论
0

ཉེ་ཆར། གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་ཁྱབ་བཟོ་ཚོགས་དང་གཞིས་ཀ་རྩེ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུད་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་གོའི་ཕུགས་འདུན། ངལ་རྩོལ་པའི་ཉམས་བཟང་། སེམས་ཤུགས་གཅིག་སྒྲིལ་གྱིས་ཏང་གི་རྗེས་སུ་འབྲངས།  མཐུན་སྒྲིལ་འབད་འཐབ་ཀྱིས་རྒྱང་ལམ་གསར་པར་བསྐྱོད་ཅེས་པའི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཞི་པའི་ལས་བཟོའི་ལུས་རྩལ་འགྲན་ཚོགས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་སྒྲོམ་སྟེགས་རྣམ་གྲངས་ཀྱི་བདམས་ཐོན་པ་འདེམས་སྒྲུག་བྱེད་པའི་འགྲན་བསྡུར་གཞིས་ཀ་རྩེ་གྲོང་ཁྱེར་ཤིན་ཧྲང་སྒྲོམ་སྟེགས་སྤྲོ་སྐྱིད་ཁང་དུ་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས་པ་རེད།

འགྲན་བསྡུར་བྱ་ཡུལ་དུ། ས་གནས་ཁག་ནས་ཡོང་བའི་བདམས་ཐོན་པ་ཚོས་སྙིང་སྟོབས་དང་སེམས་ཤུགས་རབ་འཕེལ་གྱི་སྒོ་ནས་འཇོན་ཐང་མངོན་པར་བྱས་ཡོད།

མཐར་བསམ་གྲུབ་རྩེ་ཆུས་ཀྱི་བདམས་ཐོན་པ་པ་སངས་རྒྱ་མཚོས་ཕུལ་དུ་བྱུང་བའི་གྲུབ་འབྲས་ལ་བརྟེན་ནས་སིའི་ནོ་ཁེ་རྣམ་གྲངས་ཀྱི་ཨང་དང་པོ་བླངས་པ་རེད། ཁོང་གིས་བདམས་ཐོན་པ་གཞན་དག་དང་མཉམ་དུ་གཞིས་ཀ་རྩེའི་ཚབ་བྱས་ནས་ལྷ་སར་མཐའ་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད། (ཚེ་དབྱངས་ཀྱིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐