首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

༢༠༢༤ལོའི་གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་ལས་དོན་དང་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་འཚོགས་པ།

2024-07-25 21:44:50

作者

评论
0

སྤྱི་ཟླ་༣པའི་ཚེས་༨ཉིན་གྱི་སྔ་དྲོ། ༢༠༢༤ལོའི་གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་ལས་དོན་དང་ཏང་འཛུགས་སྐྱོང་ལས་དོན་ཚོགས་འདུ་འཚོགས་ནས་༢༠༢༣ལོའི་བསྡོམས་རྩིས་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་མིག་སྔའི་དུས་བབ་ལས་འགན་ལ་དབྱེ་ཞིབ། ༢༠༢༤ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

ཚོགས་འདུའི་ཐོག་གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་ཁོངས་གཏོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བསྡོམས་རྩིས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་དང་ལྗོངས་ཏང་ཨུད། གྲོང་ཨུད་བཅས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་བརྟན་ཐོག་ཡར་འཕེལ་དང་བརྟན་པོའི་ངང་ཡར་རྒྱས་ཡོང་བར་སྐུལ་འདེད།  སྔོན་ལ་འཛུགས་པ་དང་རྗེས་སུ་སྒྲུབ་པ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་དགོས། ཏང་གི་ཆབ་སྲིད་ལེགས་སྐྱོང་གིས་སྤྱི་འདོམས་བྱེད་པ་དང་བསྡོམས་རྩིས་གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་བྱེད་པ། བསྡོམས་རྩིས་དེང་རབས་ཅན་དུ་འགྱུར་བའི་བསྒྱུར་བཅོས་ཀྱིས་སྒུལ་ཤུགས་བྱེད་པ། ཚད་གཞི་མཐོ་པོའི་སྒོ་ནས་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པ་ལེགས་སྒྲུབ་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ་ཁྲིམས་ལྟར་བསྡོམས་རྩིས་དང་ཁྲིམས་ལྟར་བསྡོམས་རྩིས་བཅོས་སྐྱོང་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་བསྡོམས་རྩིས་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་བསྡོམས་རྩིས་ཀྱི་འགན་སྲུང་བརྟན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ཚོགས་འདུའི་ཐོག་ད་དུང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི། གྲོང་ཁྱེར་སྲིད་གཞུང་གི་གྲོང་སྤྱི་གཞོན་པ་བསོད་ནམས་དར་རྒྱས་ཀྱིས་ལྗོངས་ཡོངས་དང་གྲོང་ཁྱེར་ཡོངས་ཀྱི་བསྡོམས་རྩིས་ལས་ཀར་མཆན་བཀོད་མཛུབ་སྟོན་གནང་བ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། 《༢༠༢༣ལོའི་ལོ་འཁོར་གྱི་བསྡོམས་རྩིས་ལས་དོན་གྱི་སྔོན་ཐོན་ཚན་པར་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་གཞིས་ཀ་རྩེ་གྲོང་ཁྱེར་བསྡོམས་རྩིས་ཅུད་ཏང་ཙུའུ་ཡི་གཏན་འབེབས་》བརྡ་ཁྱབ་བཏང་བ་རེད།

 (པ་སངས་ཆུང་བདག་གིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐