ཉིན་ཤས་བསྟུད་མར། གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལོ་༡༡༤འཁོར་བར་དྲན་གསོ་ཞུ་ཆེད། རང་རེའི་གྲོང་ཁྱེར་གྱི་རྫོང་ཆུས་ཁག་གིས་གཅིག་མཇུག་གཉིས་མཐུད་ངང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ཀྱི་དྲན་གསོའི་བྱེད་སྒོ་སྤེལ་བ་རེད།
སྤྱི་ཟླ་༣པའི་ཚེས་༨ཉིན། གཞིས་ཀ་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་མི་སྣས་སྔ་རྗེས་སུ་གྲོང་ཨུད་གཞུང་ལས་ཁང་དང་གྲོང་ཁྱེར་མི་དམངས་འཐུས་ཚོགས་གཞུང་ལས་ཁང་། གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་སོགས་ལས་ཁུངས་སུ་བསྐྱོད་དེ་འཚམས་འདྲིའི་བྱེད་སྒོ་སྤེལ་ནས་ལས་ཁུངས་ཀྱི་བུད་མེད་ལས་བྱེད་པར་དུས་ཆེན་ལ་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་པ་མ་ཟད་འཚམས་འདྲིའི་དངུལ་སྤྲད་དེ་ཏང་དང་སྲིད་གཞུང་དང་དེ་བཞིན་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་དྲོ་སྐྱིད་དང་ཐུགས་ཁུར་མཚོན་པར་བྱས་པ་རེད།
སྤྱི་ཟླ་༣པའི་ཚེས་༨ཉིན་གྱི་སྔ་དྲོ། པ་སྣམ་རྫོང་དབང་ལྡན་ཤང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སོའོ་ཡིས་བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་བྱས་རྗེས་འཇོག་ཅེས་པའི་གསུམ་བརྒྱད་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་མཉམ་འཁྲབ་བྱས་པ་རེད།
གཞན་ཡང་དིང་རི་རྫོང་དང་ལྷ་རྩེ་རྫོང་། ས་དགའ་རྫོང་། བཞད་མཐོང་སྨོན་རྫོང་། གྲོ་མོ་རྫོང་། འབྲོང་པ་རྫོང་། གཏིང་སྐྱེས་རྫོང་སོགས་རྫོང་ཆུས་ཀྱིས་གསུམ་བརྒྱད་དར་དམར་བའི་དཔེ་དམག་དང་། བུད་མེད་དང་བླངས་པ་ཡག་ཤོས་ལ་གཟེངས་བསྟོད་དང་། སྨན་རིན་མི་དགོས་པའི་འོས་འགན་སྨན་བཅོས་སོགས་ཀྱི་བྱེད་སྒོ་བརྒྱུད་དུས་རབས་གསར་པའི་བུད་མེད་ཀྱི་གདེང་ཚོད་དང་རང་ཚུགས། རང་སྟོབས་རང་འཕེལ་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།
བཞད་མཐོང་སྨོན་རྫོང་སྟག་མོ་ཤར་ཤང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཚེ་རིང་བདེ་སྐྱིད་ཀྱིས། རྫོང་ཡོངས་ཀྱི་གསུམ་བརྒྱད་དར་དམར་ཐོབ་པར་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་གྱི་ལས་ཀའི་ནང་ངས་རྒྱུན་འཁྱོངས་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་ལས་དོན་ཏན་ཏིག་སྒྲུབ་སྟེ་རང་རེའི་ཤང་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་སྔར་བས་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།
(ཚེ་དབྱངས་ཀྱིས་བསྒྱུར་)
点赞0
收藏
རང་རེའི་གྲོང་ཁྱེར་གྱིས་རྣམ་པ་འདྲ་མིན་ཐོག་ནས་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
བསོད་ནམས་ཉི་མས་བརྙན་ལམ་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བཀོད་གཏོང་གནང་བ།
སྐྱིད་གྲོང་འགག་སྒོའི་སྨན་ཁང་དེ་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུཌ་སྨན་བཅོས་སྒྲིག་གཞིའི་ནང་དངོས་སུ་བཅུག་པ།