སྤྱི་ཟླ་༣པའི་ཚེས་༨ཉིན། གཉའ་ལམ་རྫོང་ཨུད་དྲིལ་བསྒྲགས་པུའུ་(གཡེམ་སེལ་འགལ་རྡུང་གཞུང་ལས་ཁང་)ཡིས་རྫོང་སློབ་འབྲིང་དང་སྨན་ཕུ་ཤང་ལྟེ་བའི་སློབ་ཆུང་དུ་སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི་ལྗང་སྲུང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད།
བྱེད་སྒོ་སྤེལ་རིང་། ལས་དོན་མི་སྣས་གཡེམ་སེལ་འགལ་རྡུང་གི་འབྲེལ་ཡོད་ཤེས་བྱ་དང་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ། གནོད་ཡོད་ཆ་འཕྲིན་བཅས་དང་དེ་བཞིན་དེ་དག་ལས་ཐོན་སྲིད་པའི་གནོད་འཚེ་སོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་ནས་སློབ་མ་ཚོས་རང་རྟོགས་ངང་ཁྲིམས་འགལ་གྱི་གནོད་ཡོད་དཔེ་དེབ་དང་ཚགས་པར་དུས་དེབ། སྒྲ་བརྙན་ཐོན་རྫས་སོགས་རིག་གནས་སྙིགས་རོ་དང་རྒྱང་དུ་གྱེས་དགོས་པ། པར་དབང་རྐུ་སྤྱོད་ཀྱི་དཔེ་དེབ་མི་ཉོ་བ་དང་གནོད་ཡོད་དཔེ་དེབ་མི་ལྟ་བར་བདེ་ཐང་ངང་དྲ་བར་ཞུགས་པའི་གོམས་གཤིས་འཇགས་པ་བྱེད་དགོས་པའི་ཁྲིད་སྟོན་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རྣམ་པ་འཁྲུག་ཆ་དོད་ཅིང་། ལས་དོན་མི་སྣས་ད་དུང་བྱེད་སྒོའི་ནང་ཧུར་ཐག་ཞུགས་མཁན་སློབ་མ་ཚོར་ལག་རྟགས་དང་ཤོག་བྱང་ལྗང་ཁུ་སྤྲད་པ་རེད།
(པ་སངས་ཆུང་བདག་གིས་བསྒྱུར་)
点赞0
收藏
རང་རེའི་གྲོང་ཁྱེར་གྱིས་རྣམ་པ་འདྲ་མིན་ཐོག་ནས་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།
བསོད་ནམས་ཉི་མས་བརྙན་ལམ་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་བཀོད་གཏོང་གནང་བ།
སྐྱིད་གྲོང་འགག་སྒོའི་སྨན་ཁང་དེ་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུཌ་སྨན་བཅོས་སྒྲིག་གཞིའི་ནང་དངོས་སུ་བཅུག་པ།