首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

བཞད་མཐོང་སྨོན་རྫོང་གྲུ་སྒྲིག་ཤང་གིས། རྒན་རྒོན་དང་ཕྲུ་གུར་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་བྱེད་སྒོ་སྤེལ་བ།

2024-07-25 21:43:50

作者

评论
0

ཁོངས་གཏོགས་ཁུལ་གྱི་རྒན་རྒོན་དང་ཕྲུ་གུར་ཉིན་མོའི་ལྟ་སྐྱོང་ལྟེ་གནས་ཀྱི་ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཁོངས་གཏོགས་ཁུལ་གྱི་ཕྲུ་གུ་དང་རྒན་རྒོན་གྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་ཆེད། ཉེ་ཆར། བཞད་མཐོང་སྨོན་རྫོང་གྲུ་སྒྲིག་ཤང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སོའོ་ཡིས་གྲུ་སྒྲིག་གྲོང་ཚོའི་རྒན་རྒོན་དང་ཕྲུ་གུར་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་མཉམ་འབྲེལ་བྱས་ཏེ་རྣམ་པ་སྣ་ཚོགས་ཀྱི་རྒན་རྒོན་དང་ཕྲུ་གུར་ཉིན་མོའི་ལྟ་སྐྱོང་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོའི་ནང་། གྲུ་སྒྲིག་ཤང་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བས་རྒན་རྒོན་ཚོར་འཚམས་འདྲིའི་དངོས་ཟོག་སྤྲད་པ་མ་ཟད་ཁོང་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ནས་ཁོང་ཚོའི་གཟུགས་པོ་དང་འཚོ་བ་སོགས་ཀྱི་གནས་ཚུལ་སྐད་ཆ་ཞིབ་ཕྲ་དྲིས་པ་དང་ཁོང་ཚོར་གཟུགས་པོར་བདག་གཅེས་བྱ་རྒྱུར་དོ་སྣང་བྱེད་དགོས་པའི་མངགས་བྱ་བྱས་པ་རེད། དེ་རྗེས། གྲུ་སྒྲིག་ཤང་འབྲོག་མོའི་དང་བླངས་ཞབས་ཞུ་རུ་ཁག་གིས་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་རྒན་རྒོན་ཚོར་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས་ཏེ་རྒན་རྒོན་གྱི་བདེ་ཐང་ཚན་རྩལ་ཤེས་བྱ་ཁྱབ་གདལ་བཏང་ནས་རྒན་རྒོན་གྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་དང་། རྒན་རྒོན་ཚོར་རིན་མེད་འོས་འགན་སྨན་བཅོས་བྱས་ནས་ཁྲག་ཤེད་དང་ཁྲག་མངར་ཚད་འཇལ་བ། རྒྱུན་གཏན་གྱི་སྨན་བཅོས་སྨན་རྫས་སྤྲད་དེ་ས་གནས་ས་ཐོག་ཏུ་རྒན་རྒོན་ཚོར་འཕུར་མཉེད་རྐུབ་སྟེགས་ཇི་ལྟར་བྱས་ནས་བེད་སྤྱོད་ཡང་དག་བྱེད་དགོས་ལུགས་བསླབ་པ་རེད།

དེ་མིན། དང་བླངས་པས་ད་དུང་ཕྲུ་གུ་ཚོ་དང་མཉམ་དུ་བྱ་རྒོད་ཀྱིས་བྱ་ཕྲུག་འཛིན་པ་དང་རྐུབ་སྟེགས་འཕྲོག་པ། ཐག་མཆོང་རྒྱག་པ། ཐེ་པེད་རྒྱག་པ། ཞབས་བྲོ་རྒྱག་པ་སོགས་ཀྱི་སྤྲོ་སྣང་ལྡན་པའི་རོལ་རྩེད་རྩེད་བ་མ་ཟད། རྒན་རྒོན་དང་ཕྲུ་གུ་ཚོར་བྲོ་བ་ཞིམ་པའི་དགུང་ཟས་ཤིག་བཟོས་པ་དང་ས་གནས་ས་ཐོག་ཏུ་གླུ་ལེན་དགོད་སྒྲས་ཁེངས་ཤིང་རྒས་དུས་རྟེན་ས་ཡོད་པ་དང་ཕྲུ་གུ་སྐྱེ་ན་གསོ་མཁན་ཡོད་པའི་འཆམ་མཐུན་གྱི་རྣམ་པ་ཞིག་མངོན་ཐུབ་ཡོད་པ་རེད།  

(ཆོས་སྒྲོན་གྱིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐