首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

གཞིས་ཀ་རྩེའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གིས་༢༠༢༤ལོའི་ལས་དོན་ཚོགས་འདུ་འཚོགས་པ།

2024-07-25 21:43:50

作者

评论
0

སྤྱི་ཟླ་༢པའི་ཚེས་༤ཉིན་གཞིས་ཀ་རྩེའི་མཐའ་མཚམས་དོ་དམ་ཡན་ལག་རུ་ཁག་གིས་༢༠༢༤ལོའི་ལོ་འཁོར་གྱི་ལས་དོན་ཚོགས་འདུ་འཚོགས་ནས་༢༠༢༣ལོའི་ལས་དོན་ལ་ཕྱོགས་སྡོམ་དང་ཕྱིར་དྲན་བྱས་ནས་དུས་བབ་ཀྱི་ཉེན་ཁ་དང་འགྲན་སློང་ལ་དབྱེ་ཞིབ་བྱས་ཏེ་༢༠༢༤ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་མ་ཟད། རུ་ཆེན་རིམ་པའི་ཏང་ཨུད་ཚན་ཁག་འཛུགས་སྐྱོང་བྱས་ཚུལ་ལ་དཔྱད་བརྗོད་བྱས་པ་དང་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱས་པ་རེད།

གྲོང་སྤྱི་གཞོན་པ་ཡེ་ཧའེ་ཐའོ་ཚོགས་འདུར་ཕེབས་པ་རེད།

ཚོགས་འདུའི་ཐོག ཆབ་སྲིད་ཀྱི་ཁྲིད་སྟོན་དང་དྲང་སྲུང་གསར་གཏོད་མཐའ་འཁྱོངས་ཀྱིས་ཏང་འཛུགས་སྐྱོང་དང་རུ་ཁག་འཛུགས་སྐྱོང་མཉམ་འདྲེས་མཉམ་སྐྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པ་དང་། ལས་རིགས་གཙོ་བོར་དམིགས་པ་དང་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་བདེ་འཇགས་སྲུང་ཡོལ་གྱི་མཐའ་བརྟན་འགོག་སྲུང་བརྟན་པོ་བྱེད་དགོས་པ། ནུས་པ་དང་རྨང་གཞི་བརྟན་དུ་གཏོང་བ་དང་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་གནད་སྨིན་འགན་ལེན་དང་སྐུལ་སློང་གི་དམག་འཐབ་ནུས་པ་ནུས་ཤུགས་ཡོད་རྒུས་མཁོ་འདོན་བྱེད་དགོས་པ། ཉེན་རྟོག་པའི་ནུས་པ་ཆེར་གཏོང་དང་གསོན་ཤུགས་འཕེལ་བ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཉམས་སད་ཐེག་ཐུབ་ལ་བློ་སྒྲིལ་སེམས་སྐྱེད་ཀྱི་དཔུང་ཁག་ཅིག་ནུས་ཤུགས་ཡོད་རྒུས་བཏོད་དགོས་པ། འགན་འཁྲི་ཏན་ཏིག་སྒྲུབ་པ་དང་དོན་འཁྱོལ་ལ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ནུས་ཤུགས་ཡོད་རྒུས་འབད་འཐབ་དམིགས་ཚད་ལག་བསྟར་དང་འགག་སྒྲོལ་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།

 (ཚེ་དབྱངས་དང་ཆོས་སྒྲོན་གྱིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐