首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

སྐྱིད་གྲོང་འགག་སྒོའི་སྨན་ཁང་དེ་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུཌ་སྨན་བཅོས་སྒྲིག་གཞིའི་ནང་དངོས་སུ་བཅུག་པ།

2024-07-25 21:44:50

作者

评论
0

སྤྱི་ཟླ་༣པའི་ཚེས་༩ཉིན། སྐྱིད་གྲོང་འགག་སྒོའི་སྨན་ཁང་གིས་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད། སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་རྗེས། སྐྱིད་གྲོང་རྫོང་སྨན་བཅོས་འགན་བཅོལ་ཅུད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྲིད་ཇུས་གསོ་སྦྱོང་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་འགག་སྒོའི་སྨན་ཁང་དེ་༢༠༢༣ལོའི་སྤྱི་ཟླ་༤པའི་ཚེས་༢༨ཉིན་བཙུགས་པ་ནས་བཟུང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྨན་ཁང་གིས་ཕྱི་ནད་ཚན་ཁག་དང་བུད་མེད་ཚན་ཁག  ཁ་སྦུག་ཚན་ཁག  མིག་ནད་ཚན་ཁག གློག་པར་ཚན་ཁག་སོགས་ཚུད་པའི་ཚན་ཁག་༢༢བཙུགས་ནས་ཅུང་འཐུས་སྒོ་ཚང་བའི་སྨན་བཅོས་ཞབས་ཞུའི་མ་ལག་ཅིག་གྲུབ་ཡོད་པ་རེད། འདི་ལོའི་སྤྱི་ཟླ་༢པའི་ཚེས་༧ཉིན། སྐྱིད་གྲོང་འགག་སྒོའི་སྨན་ཁང་དངོས་སུ་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིའི་ཁོངས་སུ་བཅུག་པ་དང་། བྱེད་ཐབས་དེས་ས་གནས་དེ་གའི་མང་ཚོགས་ལ་སྔར་བས་སྟབས་བདེ་དང་ཕན་འབྲས་ཆེ་བའི་སྨན་བཅོས་ཞབས་ཞུ་མཁོ་འདོན་ཐུབ་པ་མ་ཟད། སྐྱིད་གྲོང་གི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་གསོན་ཤུགས་གསར་པ་བསྣན་ཡོད།

སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་མང་ཚོགས་ནོར་བུས། ད་ནི་སྔོན་མ་དང་མི་འདྲ་བར། རྫོང་ལ་འགྲོ་དགོས་མེད་པར་སྨན་རིན་ཚང་མ་དུས་ཐོག་ཏུ་རང་ཉིད་ཀྱི་ཐོ་ཁོངས་སུ་རྒྱག་གི་འདུག  དེ་ནི་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཡིན། ངས་ས་གནས་དེ་གའི་མང་ཚོགས་ཀྱི་ཚབ་ཞུས་ནས་ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད། 

(པ་སངས་ཆུང་བདག་གིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐