首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གཅིག་འཐུས་རྣམ་པའི་འགག་སྒྲོལ་ཞབས་ཞུས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

2024-07-25 21:45:41

作者

评论
0

ཉེ་བའི་ལོ་ཤས་རིང་། སྐྱིད་གྲོང་མཐའ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚུགས་ཀྱིས་མི་རྩ་བར་འཛིན་པ་དང་ཞབས་ཞུ་གོང་དུ་བཀུར་བའི་འདུ་ཤེས་བཟུང་ནས་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་འགག་སྒོའི་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཞིབ་བཤེར་དང་དེ་བཞིན་འགྲོ་ལུགས་གཉེར་བར་གཅིག་འཐུས་རྣམ་པའི་འགག་སྒྲོལ་བྱས་པས་རླངས་འཁོར་ཞིབ་བཤེར་དང་འགག་སྒྲོལ་སྙན་ཞུ། ཕྱིར་གཏོང་སྐྱེལ་འདྲེན་བཅས་འབྲེལ་མཐུད་མངོན་འགྱུར་བྱུང་བ་རེད།

སྐྱིད་གྲོང་རྒྱལ་མཚམས་འཛུལ་གྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་རུ་ཁག་དང་པོའི་རུ་དཔོན་གཞོན་པ་ཀྲང་ཅུན་ཡང་གིས། གཅིག་འཐུས་རྣམ་པའི་འགག་སྒྲོལ་ཞབས་ཞུས་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ལ་འཕྲལ་དུ་ཞིབ་བཤེར་བྱས་པས་སྒུག་ནས་བསྡོད་མི་དགོས་པ་དང་ཞིབ་བཤེར་འགག་འགྲོལ་གྱི་དུས་ཚོད་ནར་འགྱངས་བྱེད་མི་དགོས་པ་མངོན་འགྱུར་བྱུང་ཡོད་ཅེས་བརྗོད། ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༣ལོའི་ལོ་སྟོད་ནས་ད་བར་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་༣༠ལས་བརྒལ་ཞིང་འགག་སྒོ་སྒྲོལ་བའི་མི་འབོར་མི་ཐེངས་ཁྲི་༡༦ལྷག་ཙམ་ཟིན་ཡོད་པ་རེད།          (བདེ་སྐྱིད་ཀྱིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐