གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་ཆེད། ཉེ་བའི་ལོ་ཤས་རིང་། རྣམ་གླིང་རྫོང་གིས་ཨེ་མ་ཞོག་ཁོག་གི་སྤུས་རྟགས་དང་སྣ་ཁ། སྤུས་ཚད་བཅས་མུ་མཐུད་བཏོད་ཡོད་ཅིང་། ད་ཆ་ཨེ་མ་ཞོག་ཁོག་དེ་རྣམ་གླིང་རྫོང་གི་དེང་རབས་ཞིང་ལས་ཀྱི་གཙོ་རྟེན་ལྟ་བུར་གྱུར་ནས་ཞིང་འབྲོག་མང་ཚོགས་ལ་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
རྣམ་གླིང་རྫོང་མདའ་ཤར་གྲོང་ཚོར་སྐྱོད་སྐབས། ཞོག་ཁོག་བླུགས་པའི་འདྲུད་འཐེན་འཕྲུལ་འཁོར་རེ་རེ་བཞིན་ལམ་འགྲམ་དུ་བཞག་ཡོད་པ་དང་གྲོང་མི་རྣམས་ཀྱིས་རང་བྱུང་གི་དྲོད་ཁང་ནས་ཨེ་མ་ཞོག་ཁོག་སྔོག་བཞིན་རླངས་འཁོར་ནང་བླུགས་པས་ངོ་གདོང་ལས་ལོ་ལེགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས་ཡོད།
རྣམ་གླིང་རྫོང་ཨེ་མ་ཤང་མདའ་ཤར་གྲོང་ཚོའི་འདེབས་འཛུགས་ཁྱིམ་དུད། རིན་ཆེན་རྒྱལ་མཚན་ནི་རྣམ་གླིང་རྫོང་ཨེ་མ་ཤང་མདའ་ཤར་གྲོང་ཚོའི་གྲོང་མི་ཡིན་ཞིང་། ཁོང་གི་ཁྱིམ་དུ་མི་རབས་ནས་མི་རབས་བར་ཞོག་ཁོག་འདེབས་པ་དང་ཁོང་གིས་གྲོང་ཚོའི་མང་ཚོགས་གཞན་དག་དང་འདྲ་བར་ཞོག་ཁོག་འདེབས་འཛུགས་ལ་བརྟེན་ནས་ཁྱིམ་ཚང་གི་དཔལ་འབྱོར་ཆ་རྐྱེན་སྔར་བས་ལེགས་སུ་བཏང་ཡོད།
རྣམ་གླིང་རྫོང་ཨེ་མ་ཤང་ནི་ཞོག་ཁོག་ཐོན་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་དང་ཡར་ཀླུང་གཙང་པོའི་བྱང་རྒྱུད་དུ་གནས་ཤིང་། ཁུལ་དེ་ནི་བྱེ་མའི་རང་བཞིན་གྱི་ས་རྒྱུ་ཡིན་པ་དང་ཆུ་ཁུངས་འདང་ངེས་ཡོད་པ། གནམ་གཤིས་ཀྱི་ཆ་རྐྱེན་བལྟོས་བཅས་ཀྱིས་ལེགས་པས་ཞོག་ཁོག་འདེབས་རྒྱུར་འཚམ་པོ་ཡོད། སྐལ་བཟང་ཚེ་རིང་ནི་དུས་ཡུན་རིང་པོའི་ནང་ཞོག་ཁོག་ཉོ་མཁན་ཚོང་པ་ཞིག་ཡིན་པའི་ངོས་ནས་དེ་རིང་ཁ་ཆད་ལྟར་གྲོང་ཚོར་ཞོག་ཁོག་ཉོས་པར་སླེབས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ༢༠༢༣ལོར་ཞོག་ཁོག་འདེབས་ཁྱོན་མུའུ་ཁྲི་༤.༨ཡོད་པ་དང་། འདེབས་འཛུགས་ཞིང་པ་མི་གྲངས་༤༢༧༤༥ཙམ་ཟིན་པ་དེས་རྫོང་ཡོངས་ཀྱི་སྤྱིའི་མི་འབོར་གྱི་བརྒྱ་ཆ་༥༠.༡༧ཟིན་ཡོད། མུའུ་རེའི་ཐོན་ཚད་རྒྱ་མ་༥༠༢༩ཟིན་པ་དང་སྤྱིའི་ཐོན་འབབ་ཏུན་ཁྲི་༡༢.༠༨ཟིན་པ། སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་༡.༩༣ཟིན་ནས་ལོ་ལྟར་བརྒྱ་ཆ་༧༠ཙམ་ཕྱིར་ཚོང་བྱེད་ཀྱི་ཡོད་པ་དང་མིག་སྔའི་བར་བརྒྱ་ཆ་༦༠ཙམ་ཕྱིར་ཚོང་བྱས་ཡོད་པ་རེད།
(པ་སངས་ཆུང་བདག་གིས་བསྒྱུར་)
点赞0
收藏
གཞིས་ཀ་རྩེའི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་ཕྱིན་པ།
རང་རེའི་གྲོང་ཁྱེར་གྱི་ཀོ་ཐང་ཤང་ལ་ཁག་དང་པོའི་རྒྱལ་ཡོངས་རིམ་པའི་དུས་བདེའི་མཐའ་མཚམས་དཔེ་སྟོན་ཤང་གྲོང་གི་མིང་ཐོབ་པའི་སྒོ་བྱང་འགེལ་བའི་མཛད་སྒོ་གཉེར་བ།
གྲོང་ཁྱེར་ཐད་གཏོགས་དྲིལ་བསྒྲགས་དང་བསམ་བློའི་རིག་གནས་ཁོངས་གཏོགས་ཀྱི་༢༠༢༤ལོའི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།