首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

གཞིས་ཀ་རྩེའི་ཁྱིམ་བདག་ཚོས་དོ་སྣང་གནང་རོགས། ཉིན་གཉིས་བསྟུད་མར་་་

2024-08-29 11:44:06

作者

次仁卓玛

评论
0



ཉེ་ཆར། བསམ་གྲུབ་རྩེ་ཆུས་སུ་ཁྱིམ་བདག་གིས་སྣང་མེད་དུ་བཞག་པའི་རྐྱེན་གྱིས་ཕྲུ་གུ་དང་ཁྱིམ་བདག་ཁ་ཐོར་བའི་དོན་རྐྱེན་བསྟུད་མར་ཐོན་ཡོད་པ་རེད། སྟབས་ལེགས་པ་ཞིག་ལ་གཞིས་ཀ་རྩེ་སྤྱི་བདེ་ཉེན་རྟོག་པས་འཕྲལ་དུ་ཕྲུ་གུ་བཙལ་རོགས་བྱས་ཏེ་ཕྲུ་གུར་དོན་རྐྱེན་ཆེ་བ་ལྷག་མེད་མོད། འོན་ཀྱང་གནས་ཚུལ་འདིའི་ཐད་ཁྱིམ་བདག་རྣམས་ཀྱིས་ཡིན་གཅིག་དོ་སྣང་བྱེད་དགོས་ཀྱི་འདུག 

01


ཟླ་8པའི་ཚེས་14ཉིན་གྱི་ཆུ་ཚོད་11དང་སྐར་མ་30ཙམ་ལ། ཞིང་ལས་དངུལ་ཁང་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་ཉེན་རྟོག་པས་ཧྲང་ཧའེ་བྱང་ལམ་དུ་སྐོར་གཡེང་བྱེད་སྐབས། ལོ་3ཙམ་ལ་སླེབས་པའི་ཕྲུ་གུ་ཞིག་གཅིག་པུར་ལམ་འགྲམ་དུ་ངུ་བཞིན་ཡོད་པ་མཐོང་ཡོད། ཉེན་རྟོག་པས་འཕྲལ་དུ་ཕྲུ་གུ་དེར་གནས་ཚུལ་སྐད་ཆ་དྲིས་མོད། འོན་ཀྱང་ལོ་ན་ཆུང་དྲགས་པས་ཁྱིམ་མིའི་ནུས་ལྡན་གྱི་ཆ་འཕྲིན་མཁོ་འདོན་བྱེད་ཐབས་བྲལ། དེ་མ་ཐག་ཏུ་ཉེན་རྟོག་པས་ཉེ་འཁོར་ཚོང་ཁང་གི་སྦྱིན་བདག་ལ་སྐད་ཆ་དྲིས་པ་དང་། སྦྱིན་བདག་གིས་ཕྲུ་གུ་དེ་སྔ་དྲོའི་ཆུ་ཚོད་11གཡས་གཡོན་ནས་དེ་གར་གཅིག་པུ་ངུ་བཞིན་ཡོད་པས་ཁྱིམ་བདག་དང་ཁ་ཐོར་བ་འདྲ་ཞེས་བརྗོད།


ཕྲུ་གུའི་བདེ་འཇགས་ལ་བསམ་བློ་བཏང་ནས་ཉེན་རྟོག་པས་སྔོན་ལ་ཕྲུ་གུ་དེ་མངགས་གཏོང་ཁང་དུ་འཁྲིད་པ་དང་། ཆུ་ཚོད་གཅིག་ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། མཐར་ཕྲུ་གུའི་སྤོ་བོ་དང་འབྲེལ་བ་ཐུབ་ནས་ཕྲུ་གུ་ལམ་སེང་སྤོ་ལགས་གམ་དུ་བསྐྱལ་བ་རེད།

ཕྲུ་གུ་གནང་དག་མེད་པ་མཐོང་སྐབས། ཕྲུ་གུའི་སྤོ་ལགས་ཀྱིས་སེམས་འགུལ་ཐེབས་པའི་ངང་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད། ཉེན་རྟོག་པས་ཀྱང་ཕྲུ་གུ་འཁྲིད་ནས་ཕྱི་ལ་འགྲོ་སྐབས་ངེས་པར་དུ་ལྟ་སྐྱོང་ཡག་པོ་བྱེད་དགོས་པའི་མངག་བཅོལ་ཡང་ཡང་བྱས་ཡོད་པ་རེད།

02

ཟླ་8པའི་ཚེས་13ཉིན་གྱི་ཆུ་ཚོད་15ཙམ་ལ། མང་ཚོགས་ཀྱིས་ལོ་3ཙམ་ལ་སླེབས་པའི་ཕྲུ་གུ་ཞིག་ལྕང་ལོ་ཁང་གསར་སྡེ་ཁུལ་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་སུ་བསྐྱལ་ནས་ཕྲུ་གུ་གཅིག་པུ་ལམ་འགྲམ་དུ་རྩེད་མོ་རྩེ་བཞིན་ཡོད་པ་དང་། ཉེ་འགྲམ་དུ་མི་རྒན་པ་མེད་པས་རླངས་འཁོར་གྱིས་རྡུང་བའི་ཉེན་ཁ་ཆེན་པོ་འདུག་ཅེས་བརྗོད།

ཉེན་རྟོག་པས་འཕྲལ་དུ་མི་ཁག་བགོས་བྱས་ནས་ཕྲུ་གུ་དང་ཁྱིམ་བདག་ཁ་ཐོར་སའི་མཐའ་འཁོར་ས་ཆ་ཚང་མར་བཙལ་དུ་ཕྱིན་ཡོད། ཆུ་ཚོད་གཅིག་ཙམ་བཙལ་འཚོལ་བྱས་པ་བརྒྱུད། ཕྲུ་གུའི་ཨ་མ་དང་འབྲེལ་བ་ཐུབ་པ་དང་། ཕྲུ་གུའི་ཨ་མར་ཉེན་རྟོག་ས་ཚིགས་སུ་ཕྲུ་གུ་བསུ་བར་ཡོང་དགོས་པའི་བརྡ་བཏང་ཡོད་པ་རེད།

མི་དམངས་ཉེན་རྟོག་པས་ཤེས་རྟོགས་བྱས་པ་བརྒྱུད། ཕྲུ་གུའི་ཨ་མས་ལྗའུ་གྲང་ནས་ཅ་ལག་ཉོ་སྐབས་སྣང་མེད་དབང་གིས་ཕྲུ་གུ་དང་ཁ་ཐོར་ཡོད་པ་རེད། ཉེན་རྟོག་པས་ཁྱིམ་བདག་ལ་ངེས་པར་དུ་ཕྲུ་གུ་ལ་ལྟ་རྟོག་ཡག་པོ་བྱེད་དགོས་པའི་མངག་བཅོལ་གང་མང་བྱས་ཡོད་པ་རེད།


点赞

收藏

评论
已输入0
全部评论
加载更多评论