首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

ཁ་པར་གསར་རྙིང་བརྗེ་དུས་འདི་གཉིས་ལ་དོ་སྣང་བྱས་ན་མ་གཏོགས་་་་

2024-09-06 12:29:47

作者

次仁卓玛

评论
0





 ཁྱོད་ཀྱིས་ཁ་པར་གསར་པ་བརྗེ་རྩིས་ཡོད་དམ། བརྗེ་རྩིས་ཡོད་ན། གཤམ་གྱི་དོན་དག་ལ་དོ་སྣང་བྱེད་དགོས་ཏེ། 

ཁ་པར་ཨང་གྲངས་བདེ་འཇགས་ངང་སྤོ་བའམ་ཐོ་ཁོངས་ནས་སུབ་རྒྱུར་དོ་སྣང་བྱེད་དགོས། 

   ལག་ཐོགས་ཁ་པར་གྱི་ཨང་གྲངས་གསར་པ་བརྗེ་བའམ་ཡང་ན་གཉེར་སྐྱོང་ཚོང་པ་བརྗེ་འདོད་ན། སྔོན་ལ་འདིར་ཡོང་ནས་ཞིབ་བཤེར་བྱས་ན་ལེགས། 

   རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དུ་ཁ་པར་ཨང་གྲངས་ག་ཚོད་བསྒྲིགས་ཡོད་པ་སེམས་ནང་དུ་གསལ་པོར་ངེས་ནས། ཕྱིས་སུ་གཉེར་སྐྱོང་ཚོང་པར་འབྲེལ་བ་བྱས་ནས་ལག་ཐོགས་ཁ་པར་གྱི་ཨང་གྲངས་སྤོ་བའམ་ཐོ་ཁོངས་ནས་སུབ་བདེ་བ་ཡོང་བ་བྱེད་དགོས། 

ཞིབ་བཤེར་བྱེད་སྟངས་སྟབས་བདེ་ཡོད། 

1.འོག་གི་བྱང་བུ་མནན་ནས་ཁ་པར་བྱང་བུའི་ལག་ཁྱེར་གཅིག་རང་ཏུ་ཞིབ་བཤེར་བྱེད་པའི་ཞབས་ཞུར་ཞུགས་དགོས། 

2.མཁོ་འདོན་དགོས་པའི་ཆ་འཕྲིན་ནང་འཇུག་བྱས་རྗེས་འདྲི་རྩད་མཐེབ་གནོན་མནན་དགོས། 

3.འདྲི་རྩད་བྱས་འབྲས་ཆུ་ཚོད་བཞི་བཅུ་ཞེ་བརྒྱད་ནང་ཚུན་དུ་འཕྲིན་ཐུང་བརྒྱུད་ནས་བརྡ་ཐོ་གཏོང་རྒྱུ། ཞིབ་བཤེར་བསྡུ་ལེན་བྱ་རྒྱུར་དོ་སྣང་བྱེད་དགོས། 

ཆེད་ལས་དང་དབང་གྲགས་ལྡན་པའི་ཉོ་ཚོང་སྟེགས་བུ་བདམས་ནས་གཞི་གྲངས་ཕྱིར་མི་གྱར་བར་བྱེད་དགོས།

    རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པར་འགྲེམས་བྱས་པའི་《སྒྲིག་ཆས་ཆེ་གྲས་གསར་བརྗེ་དང་འཛད་རྫས་རྙིང་པ་གསར་པ་བརྗེ་རྒྱུར་སྐུལ་འདེད་གཏོང་བའི་འཆར་གཞི་》ཡི་ནང་ལག་ཐོགས་ཁ་པར་དང་ངོས་ལེབ་གློག་ཀླད་སོགས་གློག་རྡུལ་ཐོན་རྫས་རྙིང་པ་ཉོ་ཚོང་བྱེད་པའི་ཁྲོད་ཀྱི་ཆ་འཕྲིན་གཙང་སེལ་བྱ་ཐབས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་བཏོན་ཡོད་པ་རེད།

   ལག་ཐོགས་ཁ་པར་ནང་སྒེར་གྱི་གསང་བའི་ཆ་འཕྲིན་མང་པོ་ཡོད། དཔེར་ན། དངུལ་བྱང་དང་། སྤྱི་ཚོགས་འབྲེལ་བའི་མཉེན་ཆས། ཉོ་ཚོང་གི་མཉེན་ཆས་སོགས་སྦྲེལ་ཡོད་ལ། རྩིས་ཐོའི་གཞི་གྲངས་རིགས་འདྲ་མིན་དང་འཛད་སྤྱོད་ཟིན་ཐོ་སོགས་ཡོད་པས། ལག་ཐོགས་ཁ་པར་རྙིང་པའི་ཕབ་གཅོག་རིན་གོང་གཅིག་པུར་བལྟ་མི་རུང་བར། ངེས་པར་དུ་ཆེད་ལས་དང་དབང་གྲགས་ལྡན་པའི་སྤྱི་སྟེགས་བརྒྱུད་ནས་ཉོ་ཚོང་བྱེད་དགོས། 

དྲན་སྐུལ། 

ལག་ཐོགས་ཁ་པར་གསར་པ་བརྗེ་ན་རྒྱུན་པར་རིགས་འདི་དག་ཡོད་དེ། དགོས་མཁོར་གཞིགས་ནས་བདམས་ཆོག 

①དངུལ་བསྣན་ནས་ལག་ཐོགས་ཁ་པར་གསར་པ་ཉོས་ནས་ལག་ཐོགས་ཁ་པར་རྙིང་པ་བརྗེས་ཆོག དཔེར་ན། ཞའོ་ཀྲང་གིས་སྟེགས་བུ་ག་གེ་མོ་ཞིག་ཏུ་ལག་ཐོགས་ཁ་པར་རྙིང་པར་སྒོར་1000བྱས་ཏེ་དེའི་ཐོག་སྒོར་2000བསྣན་ནས་སྒོར་3000རི་བའི་ལག་ཐོགས་ཁ་པར་གསར་བ་ཞིག་ཉོས་པ་ལྟ་བུ་རེད།

②ལག་ཐོགས་ཁ་པར་རྙིང་པ་རིགས་གཅིག་གམ་ཡང་ན་རིགས་བརྒལ་ནས་བརྗེ་བ། དཔེར་ན། ཞའོ་ལིའུ་ཡིས་ཁྱིམ་གྱི་ཁོངས་མི་ཡོངས་ཀྱི་བེད་མེད་ལག་ཐོགས་ཁ་པར་བསྡུ་རུབ་བྱས་ཏེ། ངོས་ལེབ་གློག་ཀླད་དང་། རོལ་རྩེད་འཕྲུལ་འཁོར། ཁྱིམ་སྤྱོད་གློག་ཆས་ཆུང་བ་སོགས་རིགས་མི་འདྲ་བའི་གློག་རྡུལ་ཐོན་རྫས་བརྗེས་པ་ལྟ་བུ་རེད།

③བྱེད་ནུས་སྔོན་ཐོན་དང་དབྱིབས་མདོག་གསར་པའི་ལག་ཐོགས་ཁ་པར་རྙིང་པ་འདེམས་དགོས་པ། དཔེར་ན། ཞའོ་ཝང་གིས་ཉམས་བཟོའི་ལག་ཐོགས་ཁ་པར་གསུམ་ཉོས་ནས་དྲ་ཐོག་རླངས་འཁོར་མངགས་གཏོང་སྟེགས་བུའི་ཐོག་སྤྱོད་བྱེད་དུ་བྱས་པ་དང་། ལག་ཐོགས་ཁ་པར་གསུམ་ལ་ཁྱོན་བསྡོམས་སྒོར་3500ཡང་ཟིན་གྱི་མེད་པ་ལྟ་བུ་རེད།

རང་གི་མིང་འོག་གི་ཁ་པར་གྱི་མིང་བྱང་དུས་ཐོག་ཏུ་ཞིབ་བཤེར་བྱས་ཆོག 




点赞

收藏

评论
已输入0
全部评论
加载更多评论