首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

ཁོང་གི་གསེར་གྱི་མཛུབ་དཀྲིས་བརླག་ནས་དངངས་སྐྲག་ཆེན་པོ་ལངས་འདུག

2024-09-06 13:00:40

作者

次仁卓玛

评论
0



ཉེ་ཆར། བསམ་གྲུབ་རྩེ་ཆུས་སྤྱི་བདེས་མང་ཚོགས་ཀྱི་བོར་བརླག་རྒྱུ་ནོར་བཙལ་རོགས་བྱས་པས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།

  རྒྱ་མཚོ་གཞུང་མངགས་གཏོང་ཁང་གིས་མང་ཚོགས་ཀྱི་གསེར་གྱི་མཛུབ་དཀྲིས་བཙལ་རོགས་བྱས་པ།

ཟླ་8པའི་ཚེས་16ཉིན་གྱི་ཆུ་ཚོད་18ཙམ་ལ། པད་ཆེ་གེ་མོས་བྲེལ་འཚུབ་ངང་རྒྱ་མཚོ་གཞུང་ཤང་མངགས་གཏོང་ཁང་དུ་ཡོང་ནས། ཁོང་གིས་ལྷོ་འདབས་ཁྲོམ་ར་ག་གེ་མོ་ཞིག་ཏུ་ཅ་ལག་ཉོ་སྐབས་གཟབ་གཟབ་མ་བྱས་པར་གསར་དུ་ཉོས་པའི་གསེར་གྱི་མཛུབ་དཀྲིས་བོར་བརླག་སོང་འདུག་པས་མི་དམངས་ཉེན་རྟོག་པས་རོགས་སྐྱོར་གནང་རོགས་ཞེས་བརྗོད། 
རོགས་སྐྱོར་རེ་ཞུ་འབྱོར་རྗེས། མི་དམངས་ཉེན་རྟོག་པས་པད་ཆེ་གེ་མོར་སེམས་གསོ་བྱས་པ་དང་།  ཆབས་ཅིག་ཁོང་ལ་མཛུབ་དཀྲིས་བོར་བརླག་འགྲོ་བའི་དུས་ཚོད་དང་ས་གནས་ཤེས་རྟོགས་བྱས་ཏེ་འཕྲལ་དུ་འཚོལ་རོགས་བྱེད་འགོ་བརྩམས། མཛུབ་དཀྲིས་ཆུང་དྲགས་པས་རྙེད་དཀའ་བ་མ་ཟད། ཁྲོམ་རའི་ནང་གི་མི་འགྲོ་རྒྱུག་མང་བས་མཛུབ་དཀྲིས་འཚོལ་བར་དཀའ་ངལ་ཆེན་པོ་འཕྲད་ཡོད། ཡིན་ན་ཡང་མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་གྲལ་བཤེར་དང་བཙལ་འཚོལ་ཞིབ་ཕྲ་བྱས་པ་བརྒྱུད། མཐར་མཛུབ་དཀྲིས་རྙེད་མཁན་མང་ཚོགས་དང་འབྲེལ་བ་ཐུབ་སྟེ་བོར་བརླག་སོང་བའི་མཛུབ་དཀྲིས་རྙེད་པ་རེད།
པད་ཆེ་གེ་མོས་རང་ཉིད་ཀྱི་མཛུབ་དཀྲིས་མཐོང་སྐབས་དགའ་ཚོར་ཆེན་པོ་སྐྱེས་ཤིང་། ཁྱེད་རྣམ་པས་མགྱོགས་པོ་དེ་འདྲ་མཛུབ་དཀྲིས་བཙལ་ཐུབ་ཀྱི་རེད་བསམས་པ་མ་བྱུང་། དངོས་གནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་བཞིན། མི་དམངས་ཉེན་རྟོག་པའི་འགན་འཁྲི་འཁུར་སེམས་ཆེ་བའི་ལས་ཀའི་རྣམ་འགྱུར་ལ་བསྔགས་བརྗོད་ཆེན་པོ་བྱས་ཡོད་པ་རེད། 


点赞

收藏

评论
已输入0
全部评论
加载更多评论