首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > གསར་འགྱུར་གནད་བསྡུས།

དོ་དགོང་ཆུ་ཚོད་9:00ཐོག མགོ་ན་བའི་གནད་དོན་འདི་དག་་་

2024-09-06 17:59:09

作者

次仁卓玛

评论
0



འཚོ་བའི་གོམ་སྟབས་བྲེལ་འཚུབ་ཆེ་བའི་དེང་གི་དུས་འདིར། གྲོང་ཁྱེར་གྱི་གྲུ་ཟུར་ཚང་མར་འཚོ་བའི་གནོན་ཤུགས་ཆེན་པོ་ཡོད། དོ་དགོང་ཆུ་ཚོད་9པར་ང་ཚོས་སྣང་མེད་དུ་བཞག་པའི་གནད་དོན་ཁག་ཅིག་ཐད་ཀར་བཏོན་ཏེ་མང་ཚོགས་ཀྱི་དཀའ་ངལ་སེལ་རྒྱུ་ཡིན།

སྔོ་ཚལ་ཚོང་མཁན་དུད་ཚང་བརྒྱ་ཕྲག་ཁ་ཤས་ཀྱི་འགྲོ་ལམ་འདམ་རྫབ་ཀྱིས་ཁེངས་ཤིང་། ལམ་ངོས་རྩ་བ་ནས་སྙོམས་པོ་མེད། ལམ་དེ་ཚོ་ཡུན་རིང་མ་བཟོ་བ་ནི་འཆར་འགོད་རྗེས་ལུས་ཐེབས་པ་ཡིན་ནམ་ཡང་ན་དམངས་འཚོའི་གནད་དོན་བརྗེད་པ་ཡིན་ནམ། 

གློག་ཤུགས་ནི་འཕེལ་རྒྱས་ཀྱི་འགག་རྩ་ཡིན། རང་རེའི་གྲོང་ཁྱེར་གྱི་ཁེ་ལས་ལ་གློག་ཤུགས་མི་འདང་བའི་དབང་གིས་རེས་མོས་བྱས་ནས་བེད་སྤྱོད་ཐོག་ལས་ཀ་བྱེད་དགོས་པ་དེ་ནི་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་ཡིན་ནམ་ཡང་ན་དོ་དམ་ལ་སྣང་མེད་བཏང་བས་ཡིན་ནམ།

ཟོག་འདྲེན་རླངས་འཁོར་དེ་གྲོང་ཁྱེར་འགྲིམ་འགྲུལ་འཁོར་རྒྱུག་གི་ཁྲག་རྩ་ལྟ་བུར་གྱུར་ཡོད། འོན་ཀྱང་རླངས་འཁོར་འཇོག་ས་མེད་པ་དེ་ནི་འཆར་འགོད་ཀྱི་ལྷོད་གཡེང་ཤོར་ས་ཡིན་ནམ་ཡང་ན་ལག་བསྟར་ནུས་པའི་ཞན་པའི་དབང་གིས་ཡིན་ནམ

སྤྱི་གླིང་དེ་སྒར་སར་གྱུར་བ་དང་། ཡུལ་སྐོར་བ་དང་གྲོང་མི་རླངས་འཁོར་འཇོག་དཀའ་བ་དེ་གྲོང་ཁྱེར་འཆར་འགོད་ཀྱི་ཞན་ཆ་ཡིན་ནམ་ཡང་ན་དོ་དམ་ལག་བསྟར་ནུས་ལྡན་མ་བྱུང་བ་ཡིན་ནམ།

གོང་གི་གནད་དོན་འདི་དག་ལ་དམིགས་ནས།

དོ་དགོང་ཆུ་ཚོད་9:00ཐོག
ཇོ་རིའི་འཕྲིན་སྟེགས་ཀྱི་བརྙན་ཐུང་ཨང་རྟགས་དང་ཁྱུག་དབྱིངས།
གཞིས་ཀ་རྩེ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་
བཅས་ཀྱི་ཐོག་ཐད་གཏོང་གི་རྣམ་པའི་ཐོག་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱ་རྒྱུ་ཡིན།


点赞

收藏

评论
已输入0
全部评论
加载更多评论