首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

གཞན་ལ་ཉེས་རྡུང་བཏང་བས་བཀག་ཉར་བྱས་འདུག

2024-07-16 11:14:24

作者

ཚེ་རིང་རྒྱ་མཚོ།

评论
0



ཉེ་ཆར། མི་གཞན་ལ་ཉེས་རྡུང་བཏང་བའི་གྱོད་གཞི་ཞིག་བསམ་གྲུབ་རྩེ་སྤྱི་བདེས་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ནུས་ལྡན་བྱས་ཡོད་པ་རེད།

ཟླ་5པའི་ཚེས་28ཉིན་གྱི་ཐོ་རེངས་ཆུ་ཚོད་3པ་ཙམ་ལ། བཀྲ་ཤིས་སྐྱེ་ཚལ་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་གྱོད་དོན་སྙན་སེང་འབྱོར་ཏེ་ཅི་ལིན་ལམ་གྱི་རོལ་རྩེད་བྱ་ཡུལ་ག་གེ་མོ་ཞིག་ཏུ་སྐྱེས་པ་ཞིག་ལ་མི་གཞན་གྱིས་ཉེས་རྡུང་བཏང་འདུག་པས་ཉེན་རྟོག་པ་མངགས་ནས་ཐག་གཅོད་བྱེད་རོགས་ཞེས་བརྗོད་ཡོད། 

སྙན་སེང་འབྱོར་རྗེས། ལས་རེས་མི་དམངས་ཉེན་རྟོག་པ་མྱུར་དུ་ས་གནས་ས་ཐོག་ཏུ་བསྐྱོད་ཅིང་། བརྟག་དཔྱད་བྱས་པ་བརྒྱུད་མིན་ཆེ་གེ་མོ་དང་ལིའི་ཆེ་གེ་མོ་གློག་སྐས་ལ་བསྡད་སྐབས་ཁ་རྩོད་ཤོར་བ་དང་། མིན་ཆེ་གེ་མོ་ཁོང་ཁྲོ་ལངས་ཏེ་ལིའི་ཆེ་གེ་མོར་ཉེས་རྡུང་བཏང་བ་རེད། 

འདྲི་རྩད་བྱས་པ་བརྒྱུད། མིན་ཆེ་གེ་མོས་གཞན་ལ་ཉེས་རྡུང་བཏང་བའི་ཁྲིམས་འགལ་དོན་དངོས་ངོས་ལེན་ཞུས་པ་རེད། བཀྲ་ཤིས་སྐྱེ་ཚལ་མངགས་གཏོང་ཁང་གིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》གཞིར་བཟུང་། འབྲེལ་ཡོད་གཏན་འབེབས་ལྟར། མིན་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་7དངུལ་ཆད་སྒོར་200བཅད་པ་རེད། 

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་སྒྲོན།

རྒྱ་ཡིག་ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེའི་འཕྲིན་སྟེགས། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论