首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图

སྐྱེས་པ་ཞིག་འགྲོ་ལམ་ཐོག་གློ་བུར་དུ་འགྱེལ་རྗེས། ཁོང་རྣམ་པས་་་

2024-09-06 12:39:33

作者

次仁卓玛

评论
0



 ཟླ་8པའི་ཚེས་16ཉིན་གྱི་ཆུ་ཚོད་18དང་སྐར་མ་40ཡི་ཐོག  ཞིང་ལས་དངུལ་ཁང་དམངས་ཕན་ཉེན་རྟོག་ཞབས་ཞུ་ས་ཚིགས་ཀྱི་མཉམ་འབྲེལ་སྐོར་གཡེང་ཚོགས་ཆུང་ལ། ཧྲང་ཧའེ་བྱང་ལམ་ཉེ་འགྲམ་དུ་སྐྱེས་པ་ཞིག་མགོ་ཡུ་འཁོར་ནས་ས་ལ་འགྱེལ་འདུག་ཅེས་པའི་མང་ཚོགས་ཀྱི་རོགས་སྐྱོར་རེ་ཞུ་སྙན་སེང་འབྱོར་བ་རེད།

སྐོར་གཡེང་མི་དམངས་ཉེན་རྟོག་པ་མྱུར་དུ་ཡུལ་དངོས་སུ་བསྐྱོད་པ་དང་། སྐྱེས་པ་ཞིག་ས་སྟེང་དུ་འགྱེལ་བ་མཐོང་རྗེས། ཉེན་རྟོག་པས་འཕྲལ་དུ་མི་སྣ་ཁག་བགོས་བྱས་ཏེ་གཅིག་གིས་འཕྲལ་དུ་120འབྲེལ་གཏུག་བྱས་པ་དང་། གཅིག་གིས་སྐྱེས་པ་དེར་སྐད་ཆ་བཤད་དེ་རིག་པ་དྭངས་གསལ་རྒྱུན་འཁྱོངས་ཡོང་བ་བྱས་པ། གཞན་ཞིག་གིས་གོ་རིམ་ལྡན་པའི་ངང་མང་ཚོགས་ཁ་འགྲེམས་དང་། འགྲིམ་འགྲུལ་བཀོད་འདོམས་བྱས་ཏེ་མྱུར་སྐྱོབ་རླངས་འཁོར་དུས་ཐོག་ཏུ་འབྱོར་ཆེད་བཀག་འགོག་མེད་པའི་ཚེ་སྲོག་གི་བགྲོད་ལམ་ཞིག་བཏོད་ཡོད་པ་རེད།

མྱུར་སྐྱོབ་རླངས་འཁོར་འབྱོར་རྗེས། མི་དམངས་ཉེན་རྟོག་པས་སྨན་དོན་མི་སྣར་གཞོགས་འདེགས་བྱས་ནས་སྐྱེས་པ་དེ་120མྱུར་སྐྱོབ་རླངས་འཁོར་ནང་བསྐྱལ་རོགས་བྱས་པ་དང་། སྐྱེས་པ་དེའི་ཁྱིམ་མི་འཕྲལ་དུ་སྨན་ཁང་དུ་སླེབས་མི་ཐུབ་པའི་དབང་གིས་ཉེན་རྟོག་པས་ཉེན་རྟོག་རླངས་འཁོར་བཏང་ནས་མྱུར་སྐྱོབ་རླངས་འཁོར་དང་མཉམ་དུ་སྐྱེས་པ་དེ་བདེ་འཇགས་ངང་སྨན་ཁང་དུ་བསྐྱལ་བ་རེད། 

སྨན་དོན་མི་སྣས་ནུས་ཤུགས་ཡོད་རྒུས་སྐྱེས་པ་དེར་མྱུར་སྐྱོབ་བྱས་པ་བརྒྱུད། མཐར་དྲན་པ་ཡོངས་སུ་གསོས་པ་དང་། ནད་པ་དེས་མི་དམངས་ཉེན་རྟོག་པའི་ལག་ནས་དམ་པོར་འཇུས་ཏེ་ཁྱེད་རྣམ་པས་རོགས་རམ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད། 


点赞

收藏

评论
已输入0
全部评论
加载更多评论