首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图2

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོཌ་ཆུང་གིས་རྣམ་གླིང་རྫོང་དུ་་་

2024-07-25 21:55:24

作者

ཚེ་རིང་རྒྱ་མཚོ།

评论
0






ཟླ་7པའི་ཚེས་9ཉིན། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་འགྲིམ་འགྲུལ་ཐིང་གི་ཐིང་ཀྲང་གཞོན་པ་ལིའི་ཧྭ་ཆང་གིས་རྣམ་གླིང་རྫོང་དུ་ལྟ་ཞིབ་ཏུ་ཕེབས་པ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་པ་རེད།

པར་འདི་ནི་ལིའི་ཧྭ་ཆང་གིས་རྣམ་གླིང་རྫོང་ས་མཐོའི་གཞུང་ལས་ཁང་དུ་ལྟ་ཞིབ་བྱེད་བཞིན་པ།

ཙུའུ་ཀྲང་གཞོན་པ་ལིའི་ཧྭ་ཆང་དང་བཅས་པས་སྔ་རྗེས་སུ་ཨེ་མ་ཤང་གི་མུའུ་ཁྲི་ཡི་ཞོག་ཁོག་འདེབས་འཛུགས་རྟེན་གཞི་དང་། རྩེ་ལ་རྡོ་རྒྱུ་བཟོ་གྲྭ། ཤངས་གཞུང་ཚོང་འདམ་ས་ཚིགས། རྫོང་གྲོང་གི་བཙོག་ཆུ་གཙང་སེལ་བཟོ་གྲྭ། རྫོང་གྲོང་གི་འཚོ་བའི་གད་སྙིགས་སྦས་ས། ཤངས་ཆུ་ཆུ་བེད་ལྟེ་གནས་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་ལས་གྲྭ། བོད་ལྗོངས་ཀའོ་ཀྲེན་ཨར་ལས་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སི། རྒྱ་མཚོ་ཤང་གཙང་གཡས་གྲོང་ཚོའི་གཞུང་ལམ་རྣམ་གྲངས་སོགས་ས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཤིང་། གླེང་མོལ་བྱེད་པ་དང་སྙན་ཞུ་ཉན་པ། དཔྱད་གཞིའི་ཡིག་རིགས་ལྟ་བ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྣམ་གླིང་རྫོང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་ཉམས་གསོའི་ལས་དོན་སྤེལ་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

པར་འདི་ནི་ལིའི་ཧྭ་ཆང་གིས་བོད་ལྗོངས་ཀའོ་ཀྲེན་ཨར་ལས་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིར་ལྟ་ཞིབ་བྱེད་བཞིན་པ།

ལིའི་ཧྭ་ཆང་གིས་ནན་བཤད་བྱས་དོན། བློ་བརྟན་འགྱུར་མེད་ཀྱིས་གཏན་འཁེལ་གཉིས་ལ་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ཐུབ་པའི་མཐོ་ཚད་ཐོག་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། བོད་ཀྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཐད་ཡིན་པ། ནུས་པ་ཆེ་ཤོས་ཀྱང་སྐྱེ་ཁམས་ཐད་ཡོད་པ་བཅས་ལ་ངོས་འཛིན་གང་ལེགས་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བའི་ཐོག་ནས་འཕེལ་རྒྱས་འཆར་འགོད་བྱེད་པ། སྐྱེ་ཁམས་ཁོར་ཡུག་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་སྲ་བརྟན་བསྐྲུན་དགོས།

པར་འདི་ནི་ལྟ་ཞིབ་ཚོགས་ཆུང་དང་བཅས་པས་རྣམ་གླིང་རྫོང་གྲོང་བཙོག་ཆུ་གཙང་སེལ་བཟོ་གྲྭར་ལྟ་ཞིབ་བྱེད་བཞིན་པ།

ལི་ཧྭ་ཆང་གིས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་མཐའ་འཁྱོངས་དང་ཁོར་ཡུག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དམ་འཛིན་བྱས་ཏེ་ཚུར་ལན་སྤྲད་པའི་ཐུན་མོང་རང་བཞིན་གྱི་གནད་དོན་དང་དམིགས་བསལ་གནད་དོན་ཐག་གཅོད་བྱེད་པའི་ཆོད་སེམས་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་མངོན་གསལ་དོད་དུ་བཏང་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་འཚོ་བའི་བཙོག་ཆུ་གཙང་སེལ་དང་ཨར་སྐྲུན་གད་སྙིགས་དོ་དམ།ཆུ་ལམ་གྱི་བྱེ་མ་སྔོག་འདོན་ཚད་ལྡན་དུ་གཏོང་བ་བཅས་གནད་འགག་གི་ལྷུ་ཚིགས་དེ་དག་དམ་འཛིན་བྱེད་པ། ཁྲིམས་འཛིན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། ཐེར་འདོན་ཐབས་ལམ་ཤར་གཏོང་བཅས་བྱས་ཏེ་མང་ཚོགས་ཀྱི་ལྟ་སྐུལ་སྟོབས་ཤུགས་འདོན་སྤེལ་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་མཉམ་སྐྱོང་མཉམ་སྤྱོད་ཀྱི་རྣམ་པ་གཏོད་པ། ཕྱོགས་ཁག་གི་འགན་འཁྲི་དང་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་གཏོད་ལ་དམ་འཛིན་ནན་པོ་བྱེད་དགོས་པ་དང་། གཅིག་ནས་རྣམ་པའི་ཐོག་གི་གསར་འཛུགས་ལ་མཐོང་ཆེན་བྱེད་དགོས་ལ། གཉིས་ནས་ངོ་བོའི་ཐོག་གི་ཕན་འབྲས་དེ་བས་མངོན་པར་བྱས་ཏེ་ལས་དོན་གྱི་ཕན་འབྲས་ལ་ཞིབ་བཤེར་དང་དཔྱད་དཔོག ལྟ་སྐུལ་བཅས་ཐེག་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ། 

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

ཡོང་ཁུངས། རྣམ་གླིང་ལྟ་ཞིབ་གཞོགས་འདེགས་གཞུང་ལས་ཁང་།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞0

收藏

评论
已输入0
全部评论
加载更多评论
热点推荐