首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图2

པར་རིས་གསར་འགྱུར།

2024-07-25 21:55:24

作者

评论
0

སྤྱི་ཟླ་༧པའི་ཚེས་༡༥ཉིན། གྲོང་ཨུད་གྲོང་གཏོད་གཞུང་ལས་ཁང་གིས་གྲོང་ཨུད་གཞུང་ལས་ཁང་དང་གྲོང་ཁྱེར་ཁྲིམས་འཛིན་ཅུད། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད། གྲོང་ཁྱེར་དོ་དམ་ཅུད། གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་སོགས་འབྲེལ་ཡོད་ཚན་པ་༡༠དང་མཉམ་འབྲེལ་བྱས་ཏེ་མྱང་ར་ལམ་དུ་རྒྱུན་རྣམ་ཅན་གྱི་ཞོགས་པའི་ཞིབ་བཤེར་བྱས་པ་རེད། ཞིབ་བཤེར་བྱེད་རིང་། ལམ་དུམ་ཧྲིལ་པོར་ལམ་བཟུང་གཉེར་སྐྱོང་སྣང་ཚུལ་མངོན་གསལ་དོད་པ་དང་ཚོང་ཁང་ཁག་ཅིག་གི་སྒོ་འགྲམ་འགན་ལེན་གསུམ་གྱི་འགན་འཁྲི་དོན་འཁྱོལ་གནད་ལ་མི་འཁེལ་བ། ལམ་དུམ་ཧྲིལ་པོར་འཕྲུལ་སྒུལ་འཁོར་རིགས་དང་འཕྲུལ་སྒུལ་མིན་པའི་འཁོར་རིགས་གང་བྱུང་བཞག་ཡོད་པ། ཆི་ཡུན་སྒོ་རྩིས་ཚོང་ཁང་དང་དབྱི་ཐུང་རླངས་འཁོར་ཉམས་གསོ། གཙང་ཧོ་རླངས་འཁོར་ཉམས་གསོ་བཅས་ཀྱི་སྒོ་མདུན་གྱི་ཁོར་ཡུག་འཕྲོད་བསྟེན་ཞན་པ་དང་བཙོག་ཐིག་ཚབས་ཆེ་བ། ཏུང་ལིན་རླངས་འཁོར་ཉམས་གསོ་ཁང་གི་ཁ་སྤྲོད། ཝན་ཁོ་ཧྥུ་འཚོ་བའི་སྒོ་རྩིས་ཚོང་ཁང་། ཀྲུང་གོ་སྦྲག་སྲིད་སོགས་སྒོ་མདུན་གྱི་མི་འགྲོ་སའི་ལམ་དང་ས་འོག་ཆུ་ལམ་གྱི་ཁྲོན་ཁེབས་སོགས་སྐྱོན་ཤོར་བའི་སྣང་ཚུལ་ཤེས་རྟོགས་བྱུང་ཡོད་པ་རེད།

གོམ་སྟབས་རྗེས་མར། རང་རེའི་གྲོང་ཁྱེར་གྱིས་ཡ་རབས་མིན་པའི་བྱ་སྤྱོད་བཅོས་སྒྲིག་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་གྲོང་ཁུལ་གྱི་གྲོང་ཁྱེར་རྣམ་པ་དོ་དམ་ཚད་ལྡན་ཅན་དང་ནུས་ལྡན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་བཏང་སྟེ་རང་རེའི་གྲོང་ཁྱེར་གྱི་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པའི་སྐུལ་འདེད་བཏང་ཡོད་པ་རེད།

 (ཆོས་སྒྲོན་གྱིས་བསྒྱུར་)


点赞0

收藏

评论
已输入0
全部评论
加载更多评论
热点推荐