首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图2

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོཌ་ཆུང་གིས་རིན་སྤུངས་རྫོང་དུ་་་

2024-07-25 21:55:24

作者

ཚེ་རིང་རྒྱ་མཚོ།

评论
0




ཟླ་7པའི་ཚེས་8ཉིན། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་གཞོན་པ་ལིའི་ཧྭ་ཆང་གིས་རིན་སྤུངས་རྫོང་དུ་ལྟ་ཞིབ་གནང་བ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་པ་རེད།


པར་འདི་ནི་ལིའི་ཧྭ་ཆང་གིས་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པའི་ཚད་ལྡན་དུམ་བུ་བརྒྱད་པ་ཆུ་དར་དོན་སྒོའི་ས་ཡུལ་དངོས་སུ་ལྟ་ཞིབ་གནང་བཞིན་པ།

ཙུའུ་ཀྲང་གཞོན་པ་ལིའི་ཧྭ་ཆང་དང་བཅས་པ་སྔ་རྗེས་སུ་ལྷ་གཞིས་མྱུར་བགྲོད་གཞུང་ལམ་རིན་སྤུངས་དུམ་བུའི་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པ་དང་ཅུས་བཅོ་ལྔ་པའི་ཚད་ལྡན་དུམ་བུ་དང་། རིན་སྤུངས་རྫོང་རིན་སྤུངས་རྡོ་རྒྱུ་གསར་སྤེལ་ཚད་ཡོད་ཀུང་སི། བོད་ལྗོངས་རྟ་རྭ་འོག་ནས་ཆང་ལས་རིགས་མ་རྐང་ཚད་ཡོད་ཀུང་སི། རྫོང་གྲོང་བཙོག་ཆུ་གཙང་སེལ་བཟོ་གྲྭ། རྫོང་གྲོང་འཛུགས་སྐྲུན་གད་སྙིགས་བསྐྱར་སྤྱོད་སོགསས་ཡུལ་དངོས་སུ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པར་བསྐྱོད་དེ་ལས་མི་འགའ་རེ་དང་གླེང་མོལ་བྱེད་པ། འགའ་རེའི་སྙན་ཞུ་ཉན་པ། དཔྱད་གཞིའི་ཡིག་རིགས་ལྟ་བ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སྐྱེ་ཁམས་ཉམས་གསོ་དང་སྦགས་བཙོག་འགོག་བཅོས། རྨང་གཞིའི་སྒྲིག་བཀོད་འཁོར་རྒྱུག སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་ཐབས་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད།


པར་འདི་ནི་ལིའི་ཧྭ་ཆང་གིས་ཀྲུང་གོ་ལྕགས་ལམ་ཅུས་ཉེར་གཅིག་པ་བར་ཐང་ཕུག་ལམ་འཛུལ་སྒོའི་སྙིགས་རོ་གཡུགས་སར་ལྟ་ཞིབ་གནང་བཞིན་པ།

ལིའི་ཧྭ་ཆང་གིས་རིམ་ཁག་ཏང་ཨུད་སྲིད་གཞུང་དང་། ལས་རིགས་སྡེ་ཁག ཁེ་ལས་ཁག་བཅས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ནས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཡག་པོ་བསྒྲུབ་སྟེ་ཁོར་ཡུག་སྦགས་བཙོག་འབྱུང་རྩ་ནས་སྔོན་འགོག་དང་ཉུང་དུ་གཏོང་བ། ལས་སྣོན་བཟོ་གྲྭའི་ཁུལ་འཛུགས་སྐྲུན་ཚད་ལྡན་དང་། ཉེན་ཆེའི་ཟོག་རོ་ཐག་གཅོད་ཚད་ལྡན་དུ་གཏོང་བ། ཁོར་ཡུག་གདེང་འཇོག་གི་བླང་བྱ་ཚད་ལྡན་དུ་དོན་འཁྱོལ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།


པར་འདི་ནི་ལྟ་ཞིབ་ཚོགས་ཆུང་དང་བཅས་པས་རིན་སྤུངས་རྫོང་གི་དེ་སྔའི་བྱེ་འདོན་བྱ་ཡུལ་ཨང་2པར་ལྟ་ཞིབ་གནང་བཞིན་པ།

ལིའི་ཧྭ་ཆང་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་གི་ལས་འགན་ལ་དོ་སྣང་ཆེན་པོ་བྱས་ནས་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱས་ཏེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས་ཕན་འབྲས་དངོས་ཐོན་པ་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་བསྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་ལྟར་ཁོར་ཡུག་སྲུང་སྐྱོང་ནན་པོ་བྱེད་པ། ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་ལ་ཆད་པ་ནན་པོ་གཅོད་པ། ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་བཅས་བྱེད་དགོས། རྫོང་ཁོངས་ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཚམ་པ། ཚན་རིག་དང་མཐུན་པའི་ཐབས་ཇུས། གོ་རིམ་ལྡན་པའི་འཆར་འགོད། ལུགས་མཐུན་གྱི་འཆར་གཞི་བཅས་མཐའ་འཁྱོངས་བྱས་ཏེ་བཙོག་ཆུ་གཙང་སེལ་བཟོ་གྲྭ་དང་། གད་སྙིགས་སྦས་ས། འཛུགས་སྐྲུན་གད་སྙིགས་བསྐྱར་སྤྱོད་བསྒྱུར་བཀོད་དང་ཚད་ལྡན་འཁོར་རྒྱུག་ལ་བཅས་ལ་གཅིག་གྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་རྒྱ་མཚོ། 

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

ཡོང་ཁུངས། རིན་སྤུངས་རྫོང་ལྟ་ཞིབ་གཞོགས་འདེགས་གཞུང་ལས་ཁང་། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།


点赞0

收藏

评论
已输入0
全部评论
加载更多评论
热点推荐