首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图2

ར་བཟི་ནས་དོན་མེད་རྙོག་དྲ་བསླངས་པས་ཉེན་རྟོག་པས་་་

2024-08-05 11:23:05

作者

ཚེ་རིང་རྒྱ་མཚོ།

评论
0



ཉེ་ཆར། བསམ་གྲུབ་རྩེ་སྤྱི་བདེས་ཆང་རག་བཏུངས་ནས་དོན་མེད་བསྙད་བརྐོ་ཟིང་སློང་བྱས་པའི་གྱོད་གཞི་ཞིག་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ་མི་1སྲིད་འཛིན་བཀག་ཉར་བྱས་ཡོད་པ་རེད།

གྱོད་དོན་བརྒྱུད་རིམ།



ཟླ་7པའི་ཚེས་16ཉིན་གྱི་ཆུ་ཚོད་15ཉིན་ཙམ་ལ། སྒང་ཏོག་མངག་གཏོང་ཁང་ལ་ཁྲེན་陈ཆེ་གེ་མོའི་གྱོད་དོན་སྙན་སེང་འབྱོར་ཏེ། མི་ཞིག་གིས་ཆང་རག་བཏུངས་རྗེས་དོན་མེད་ཟིང་ཆ་སློང་གི་འདུག་པས། ཉེན་རྟོག་པས་བརྟག་དཔྱད་བྱེད་རོགས་ཞེས་བརྗོད། དེ་རྗེས་ལས་རེས་ཉེན་རྟོག་པས་འཕྲལ་དུ་ས་ཡུལ་དངོས་སུ་བསྐྱོད་ཡོད་པ་རེད།

བརྟག་དཔྱད་བྱས་པ་བརྒྱུད། དེ་ཉིན་བསོད་ཆེ་གེ་མོས་བོད་ཟས་ཁང་ཞིག་ཏུ་ཆང་རག་བཏུངས་བསྡད་པ་དང་། ར་བཟི་རྗེས་འགྲོ་ལམ་ཐོག་གི་གློག་སྒུལ་སྦག་སྦག་གང་བྱུང་བཀག་སྟེ་དོན་མེད་རྙོག་དྲ་བཟོས་ཡོད། སྟབས་ལེགས་པ་ཞིག་ལ་མི་ལ་སྐྱོན་གང་ཡང་བྱུང་མེད་པ་རེད།


བསོད་གེ་མོ་ར་དྭངས་རྗེས། རང་ཉིད་ཀྱི་བྱ་སྤྱོད་ལ་གནོངས་འགྱོད་ཆེན་པོ་སྐྱེས་ཤིང་། ར་བཟི་རྗེས་དོན་མེད་རྙོག་དྲ་བཟོས་པའི་ཁྲིམས་འགལ་བྱ་སྤྱོད་ངོས་ལེན་བྱས་ཡོད། མིག་སྔར་བསོད་ཆེ་གེ་མོ་སྲིད་འཛིན་བཀག་ཉར་བྱས་ཟིན་ཡོད་པ་རེད། 

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་སྒྲོན།

རྒྱ་ཡིག་ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེའི་འཕྲིན་སྟེགས། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།


点赞

收藏

评论
已输入0
全部评论
加载更多评论
热点推荐