首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 新闻轮播图2

ཟ་ཁང་འདི་འདྲ་ནས་ཞལ་ལག་མཆོད་ཕོད་པ་འདུག་གམ།

2024-08-01 17:52:22

作者

ཚེ་རིང་རྒྱ་མཚོ།

评论
0


ཟླ་7པའི་ཚེས་19ཉིན་གྱི་དགོང་མོ། གྲོང་ཨུད་གྲོང་ཁྱེར་འཛུགས་གཏོད་གཞུང་ལས་ཁང་གིས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་། གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། གྲོང་ཁྱེར་དོ་དམ་ཅུས། གྲོང་ཁྱེར་སྐྱེལ་འདྲེན་ཀུང་སི་སོགས་འབྲེལ་ཡོད་ཚན་པ་དྲུག་གི་འགན་འཁུར་བ་དང་མཉམ་འབྲེལ་ཐོག རང་རེའི་གྲོང་ཁྱེར་གྱི་བཟའ་བཏུང་ཚོང་ཁང་ཁག་ཅིག་དང་དེ་བཞིན་དྲ་ཐོག་(美团)ནས་ཟས་རིགས་མངག་སར་ཆེད་དོན་ཞིབ་བཤེར་བྱེད་པའི་བྱེད་སྒོ་སྤེལ་ཡོད་པ་རེད། ད་ཐེངས་ཀྱི་ཞིབ་བཤེར་དེ་གཙོ་བོ་ཡ་རབས་མིན་པའི་བྱ་སྤྱོད་དང་། གད་སྙིགས་སྔ་སྣུར་དུ་ཚོང་ཁང་མདུན་དུ་བཏོན་པ། ཚོང་ཁང་ནང་གི་འཕྲོད་བསྟེན། བཟའ་བཅའི་བདེ་འཇགས། བདེ་ཐང་ལག་ཁྱེར་སོགས་ཀྱི་ཐད་ལ་དམིགས་ནས་སྤེལ་བ་རེད།

01

ཁོར་ཡུག་གཙང་སྦྲའི་ཐད།

བཟའ་བཏུང་ཚོང་ཁང་ཁག་ཅིག་དང་དེ་བཞིན་དྲ་ཐོག་ནས་བཟའ་བཅའ་མངག་ཉོ་བྱེད་ས་ཁག་ཅིག་གི་འཕྲོད་བསྟེན་ཁོར་ཡུག་བཙོག་ཟིང་ཞན་གསུམ་ཡིན་པ། དཔེར་ན་ཟ་ཁང་ཏུའུ་ཝུའེ་ཤོན་ཞིང་ཁྱིམ་ཟ་ཁང་དང་(独味轩农家院)དང་མའོ་ཚལ་ཤིའི་ཧྲིའི(冒菜西施)ཞུས་ཏཱ་ཁྲོན(徐大川)ལྟ་བུ། དེའི་ནང་ནས་མའོ་ཚལ་ཤིའི་ཧྲིའི་(冒菜西施)ཟ་ཁང་ལ་ཁྱི་གང་བྱུང་དུ་ཐབ་ཚང་ནང་འཛུལ་བའི་སྣང་ཚུལ་ཡོད་པས་བཟའ་བཅའི་བདེ་འཇགས་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད།

02

བདེ་ཐང་ལག་ཁྱེར་ཐད།

བཟའ་བཏུང་ཁང་སོ་སོའི་ལས་དོན་མི་སྣས་དུས་ཐོག་ཏུ་བདེ་ཐང་དཔང་ཡིག་གཉེར་མེད་པའི་སྣང་ཚུལ་ཡོད། དཔེར་ན། ཆིང་ཀྲན་ཤི་ཝུའེ་ཐིང་ཟ་ཁང་དང་ཏུའུ་ཝུའེ་ཤོན་ཞིང་ཁྱིམ་ཟ་ཁང་ལྟ་བུ།

03

མེ་གསོད་ཡོ་བྱད་ཐད།

བཟའ་བཏུང་ཁང་གི་མེ་གསོད་ཡོ་བྱད་དུས་ཚོད་ཡོལ་བའི་སྣང་ཚུལ་ཡོད་པ། དཔེར་ན། ཟ་ཁང་ཞུས་ཏཱ་ཁྲོན་ལྟ་བུ།

04

གད་སྙིགས་རིགས་དབྱེའི་ཐད།

བཟའ་བཏུང་ཁང་གིས་འབྲེལ་ཡོད་བླང་བྱ་གཞིར་བཟུང་འཚོ་བའི་གད་སྙིགས་དང་དེ་བཞིན་ཐབ་ཚང་གི་གད་སྙིགས་རིགས་དབྱེའི་ལས་དོན་བསྒྲུབ་མེད་པ་དང་ཐབ་ཚང་ནང་དུ་སྣུམ་དབྱེ་བྱ་ཡུལ་བཟོས་མེད་པ། དཔེར་ན། ཆིང་ཀྲན་སི་ཝུའེ་ཐེ་ཟ་ཁང་དང་ཏུའུ་ཝུའེ་ཤོན་ཞིང་ཁྱིམ་ཟ་ཁང་། མའོ་ཚལ་ཤིའི་ཧྲིའི། ཞུས་ཏཱ་ཁྲོན་ལྟ་བུ།

གོང་གསལ་གྱི་གནད་དོན་ལ་དམིགས་ཏེ་གྲོང་ཨུད་གྲོང་ཁྱེར་འཛུགས་གཏོད་གཞུང་ལས་ཁང་གིས་འབྲེལ་ཡོད་ཚན་པས་འགན་འཁྲི་ཏན་ཏིག་བསྒྲུབ་ནས་ཐབ་ཚང་གི་གད་སྙིགས་རིགས་དབྱེའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། ཚོང་དུད་ཀྱིས་སྒོ་མདུན་འགན་ལེན་གསུམ་གྱི་འགན་འཁྲི་དོན་འཁྱོལ་ནན་པོ་བྱ་རྒྱུར་ལྟ་སྐུལ་བྱེད་པ། བྱ་ཐབས་ནུས་ལྡན་སྤྱད་དེ་ཕུགས་ཕན་ལམ་སྲོལ་ཆགས་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། 

བསྐྱར་ཞུས། འཆི་མེད།

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་སྒྲོན།

རྒྱ་ཡིག་ཡོང་ཁུངས། ཇོ་རིའི་འཕྲིན་སྟེགས།

ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞0

收藏

评论
已输入0
全部评论
加载更多评论
热点推荐