首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

ས་ཆ་འདི་དག་ལ་དྲོད་རླངས་མཁོ་འདོན་ཚོད་ལྟ་བྱ་རྒྱུ་རེད་འདུག

2024-07-16 11:14:36

作者

ཚེ་རིང་རྒྱ་མཚོ།

评论
0




ཉིན་ཤས་བསྟུད་མར། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་དང་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་། ཆབ་མདོ་གྲོང་ཁྱེར་འགོ་འཇོ་རྫོང་། གཞིས་ཀ་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བཅས་ཀྱི་ནུས་རྒྱུ་གཙང་མའི་གཅིག་སྡུད་དྲོད་རླངས་མཁོ་འདོན་ལ་དམིགས་བསལ་ཆོག་མཆན་ཐོབ་ནས་གཉེར་སྐྱོང་ཚོད་ལྟའི་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་འགོ་ཚུགས་ཡོད་པ་རེད། རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་39.1བཏང་བ་དང་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་གོང་ལས་མཇུག་འགྲིལ་རྒྱུ་མ་ཟད། དྲོད་རླངས་མཁོ་འདོན་ཚོད་ལྟ་བྱ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2023ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་འོག་རང་སྐྱོང་ལྗོངས་སྡོད་ཁང་འཛུགས་སྐྲུན་ཐིང་གིས་དམིགས་བསལ་ཆོག་མཆན་སྤྲད་པའི་གཉེར་སྐྱོང་རྣམ་པར་ཞིབ་འཇུག་ཧུར་ཐག་བྱས་པ་དང་། སྤྱི་ཚོགས་ཀྱི་མ་རྩ་ནང་འདྲེན་བྱས་ནས་གྲོང་ཁུལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཏེ། གྲོང་ཁྱེར་དང་ས་ཁུལ་7གྱིས་རྫོང་(ཆུས་)1བདམས་ནས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཚོད་ལྟའི་རྣམ་གྲངས་ལག་བསྟར་བྱས་ཡོད། དེའི་ནང་ནས་རྣམ་གྲངས་3ནི་སྒྱུར་བཀོད་རྣམ་གྲངས་ཡིན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་429ཟིན་ཡོད་པ་རེད། མིག་སྔར་དྲོད་རླངས་མཁོ་འདོན་གྱི་ཚོད་ལྟའི་རྣམ་གྲངས་7ཚང་མ་ལས་འགོ་ཚུགས་ཡོད། རྣམ་གྲངས་ཚར་རྗེས་ལས་ཁུངས་དང་སློབ་གྲྭ། སྨན་ཁང་། མང་ཚོགས་ཀྱི་སྡོད་ཁང་། ཁེ་ལས། མགྲོན་ཁང་ཚོང་ལས་སོགས་ཀྱི་འཛུགས་སྐུན་ཁང་པའི་ནང་དྲོད་རླངས་མཁོ་འདོན་ཁྱབ་པར་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།

བསྐྱར་ཞུས། འཆི་མེད།

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་རྒྱ་མཚོ།

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

རྒྱ་ཡིག་ཡོང་ཁུངས། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་སྟེགས། 


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论