次仁卓玛
འཁྲབ་ཚན་ཐུང་གྲས།
ལྗོངས་ཡོངས་ཀྱི་ཟློས་གར་དང་འཁྲབ་ཚན་ཐུང་གྲས། གཞས་མ་གཏམ་འགྲན་བསྡུར་ཆེ་མོའི་འགྲན་བསྡུར་ཁྲོད་གཞིས་ཀ་རྩེ་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པའི་འཁྲབ་ཚན་ཐུང་གྲས་《མེ་ལོང་ལ་ལྟ་བ་》ཞེས་པར་ཆེད་ལས་ཚོགས་ཆུང་གི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། ཁང་དམར་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་ཚན་ཐུང་གྲས་《བཟའ་བཅའི་བདེ་འཇགས་》ཞེས་པར་ལས་ཞོར་ཚོགས་ཆུང་གི་བྱ་དགའ་ཨང་དང་པོ་ཐོབ་པ། རྒྱལ་རྩེ་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་ཚན་ཐུང་གྲས་《ནང་ཚང་མཐུན་ན་ཐམས་ཅད་གྲུབ་》ཅེས་པར་ལས་ཞོར་ཚོགས་ཆུང་གི་བྱ་དགའ་ཨང་གཉིས་པ་ཐོབ་ཡོད།
གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པའི་འཁྲབ་ཚན་ཐུང་གྲས་《མེ་ལོང་ལ་ལྟ་བ་》ཞེས་པ་འཁྲབ་བཞིན་པ།
ཁང་དམར་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་ཚན་ཐུང་གྲས་《བཟའ་བཅའི་བདེ་འཇགས་》ཞེས་པ་འཁྲབ་བཞིན་པ།
རྒྱལ་རྩེ་རྫོང་སྒྱུ་རྩལ་ཚོགས་པའི་འཁྲབ་ཚན་ཐུང་གྲས་《ནང་ཚང་མཐུན་ན་ཐམས་ཅད་གྲུབ་》ཅེས་པ་འཁྲབ་བཞིན་པ།
གཞས་གཏོང་མཁན།
ན་གཞོན་གཞས་པའི་འགྲན་བསྡུར་ནང་གཞིས་ཀ་རྩེ་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པའི་ཚེ་བརྟན་སྒྲོལ་དཀར་དང་རིན་ཆེན་མཐུ་སྟོབས་ལ་ཁག་སོ་སོར་མི་རིགས་ཀྱི་གཞས་གཏོང་སྟངས་དང་དར་ཁྱབ་ཆེ་བའི་གཞས་གཏོང་སྟངས་ཀྱི་ཆེད་ལས་ཚོགས་ཆུང་གི་ཕུལ་བྱུང་བྱ་དགའ་ཐོབ་པ། རྒྱལ་རྩེ་རྫོང་སྒྱུ་རྩལ་ཚོགས་པའི་བསམ་གྲུབ་དང་གྲོ་མོ་རྫོང་སྒྱུ་རྩལ་ཚོགས་པའི་ཉི་མ་དོན་གྲུབ་ལ་ཁག་སོ་སོར་མི་རིགས་ཀྱི་གཞས་གཏོང་སྟངས་དང་དར་ཁྱབ་ཆེ་བའི་གཞས་གཏོང་སྟངས་ཀྱི་ལས་ཞོར་ཚོགས་ཆུང་གི་བྱ་དགའ་ཨང་གསུམ་པ་ཐོབ་པ། གྲོ་མོ་རྫོང་གི་ལི་ཀྲུང་ཞུང་ལ་ཡང་མི་རིགས་ཀྱི་གཞས་གཏོང་སྟངས་ཀྱི་ལས་ཞོར་ཚོགས་ཆུང་གི་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
ཞབས་བྲོ།
ཆེད་ལས་ཞབས་བྲོའི་འགྲན་བསྡུར་ཁྲོད་གཞིས་ཀ་རྩེ་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པའི་ཞབས་བྲོ་《ཧི་མ་ལ་ཡའི་སྨོན་འདུན་》ལ་མི་རིགས་ཀྱི་དམངས་ཁྲོད་ཞབས་བྲོའི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་《ཇོ་མོ་གླང་མའི་ཉམས་བཟང་》ལ་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།
གཞན་དག
གཞས་པ་གཞས་མའི་འགྲན་བསྡུར་ཆེ་མོའི་ཁྲོད་རང་རེའི་གྲོང་ཁྱེར་གྱི་བདམས་ཐོན་པར་ཨང་གསུམ་པ་དང་བཞི་པ་ཐོབ་པ། བདམས་ཐོན་པ་བཞི་ཨང་བཅུ་པའི་ནང་ཚུད་པ། གཞན་ཡང་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་ཁྲོད། ཞབས་བྲོ་《བཀྲ་ཤིས་པའི་གསོལ་》ཞེས་པར་ཕུལ་བྱུང་སྒྲིག་འཛུགས་བྱ་དགའ་ཐོབ་པ་རེད།
རོལ་ཆ།
གླུ་བྲོའི་ཟློས་གར།
དམིགས་བསལ་གླེང་རིན་ཡོད་པ་ཞིག་ནི་གཞིས་ཀ་རྩེ་གྲོང་ཁྱེར་མི་རིགས་སྒྱུ་རྩལ་ཚོགས་པའི་གླུ་བྲོའི་ཟློས་གར་《བདེ་སྐྱིད་ལྡན་པའི་བོད་པ་ཚང་》ལ་སྐབས་འདིའི་སྒྱུ་རྩལ་དུས་ཆེན་གྱི་གཟི་བརྗིད་མཚན་སྙན་མཐོ་ཤོས་སྟེ། སྐལ་བཟང་མེ་ཏོག་གི་བྱ་དགའ་ཐོབ་པ་རེད།
点赞
收藏