首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོཌ་ཆུང་དང་པོས་་་

2024-07-16 11:14:52

作者

ཚེ་རིང་རྒྱ་མཚོ།

评论
0




ཟླ་7པའི་ཚེས་8ཉིན། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོས་གཞིས་ཀ་རྩེ་གྲོང་ཁྱེར་ལ་ཁག་གསུམ་པའི་ཡིག་སྐུར་ངོ་བཅར་གྱི་ཐེར་འདོན་ཡིག་ཆ་3བརྒྱུད་སྒྲུབ་བྱས་ཡོད་པ་དང་། ཚང་མ་ཁ་པར་ཐོག་ནས་ཐེར་འདོན་བྱས་པ་ཡོད་པ་རེད། སྦགས་བཙོག་གི་རིགས་གཙོ་བོ་ལྟར་དབྱེ་ན། ཆུ་སྦགས་བཙོག་ཐེབས་པའི་རིགས་1དང་། ཟོག་སྙིགས་དང་རླུང་ཁམས་སྦགས་བཙོག་ཐེབས་པའི་རིགས་1 ཟོག་སྙིགས་དང་རླུང་ཁམས། སྐྱེ་ཁམས་བཅས་ལ་གཏོར་བརླག་ཐེབས་པའི་རིགས་1བཅས་ཡོད། སྲིད་འཛིན་ཁོངས་ལྟར་དབྱེ་ན། རྒྱལ་རྩེ་རྫོང་ལ་གྱོད་གཞི་1དང་བཞད་མཐོང་སྨོན་རྫོང་ལ་གྱོད་གཞི་1ངམ་རིང་རྫོང་ལ་གྱོད་གཞི་1བཅས་ཡོད་པ་རེད།


ཟླ་7པའི་ཚེས་8ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོས་རང་རེའི་གྲོང་ཁྱེར་ལ་ཡིག་སྐུར་ངོ་བཅར་གྱི་ཐེར་འདོན་ཡིག་ཆ་ཁྱོན་8བརྒྱུད་སྒྲུབ་བྱས་པ་ཚང་མ་འབྲེལ་ཡོད་ཚན་པར་རྩིས་སྤྲད་ཟིན་པ་དང་། འབྲེལ་ཡོད་ཚན་པས་(སྡེ་ཁག་)སྒྲུབ་གཉེར་ཧུར་ཐག་བྱེད་བཞིན་ཡོད་པ་རེད། རང་སྐྱོང་ལྗོངས་ལྟ་ཞིབ་ཚོགས་ཆུང་གི་བླང་བྱ་གཞིར་བཟུང་། ཡིག་སྐུར་ངོ་བཅར་གྱི་གྱོད་གཞི་སྒྲུབ་ཚུལ་ཉིན་5ནང་ལྟ་ཞིབ་ཚོགས་ཆུང་ལ་ལན་སྤྲད་ནས་དག་ཐེར་དང་ཐག་གཅོད་བྱས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།

ཟུར་ཡིག ཁག་དང་པོ་ནས་ཁག་གསུམ་པའི་བར་བརྒྱུད་སྒྲུབ་བྱས་པའི་ཡིག་སྐུར་ངོ་བཅར་གྱོད་གཞིའི་གནད་དོན་གསལ་ཐོ།

(རྩ་གཉིས་ཨང་རྟགས་བཤེར་ནས་གཟིགས་རོགས་



བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

ཡོང་ཁུངས། གྲོང་ཁྱེར་ལྟ་ཞིབ་གཞོགས་འདེགས་གཞུང་ལས་ཁང་།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论