首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་པོས་གཞིས་ཀ་རྩེ་གྲོང་ཁྱེར་ལ་ཁག་བརྒྱད་པའི་ཡིག་བསྐུར་ངོ་བཅར་གྱི་གྱོད་དོན་བསྒྲུབ་རྒྱུར་སྤྲད་པ།

2024-07-18 11:08:28

作者

评论
0

སྤྱི་ཟླ་༧པའི་ཚེས་༡༣ཉིན། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་ དང་པོས་གཞིས་ཀ་རྩེ་གྲོང་ཁྱེར་ལ་ཁག་བརྒྱད་པའི་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཡིག་ཆ་༡༠བསྒྲུབ་རྒྱུར་སྤྲད་པ་དང་། ཕལ་ཆེ་བ་ཁ་པར་ཐོག་ནས་ཐེར་འདོན་བྱས་ཡོད་པ་རེད། སྦགས་བཙོག་གི་རིགས་གཙོ་བོ་ལྟར་དབྱེ་ན། སྐྱེ་ཁམས་ལ་གཏོར་བརླག་བཏང་བ་༢དང་། རླུང་ཁམས་སྦགས་བཙོག་དང་དེ་མིན་གཞན་རིགས་༡ འཛེར་སྒྲའི་སྦགས་བཙོག་ཐེབས་པའི་རིགས་༤ རླུང་ཁམས་སྦགས་བཙོག་ཐེབས་པའི་རིགས་༡ ཆུའི་སྦགས་བཙོག་ཐེབས་པའི་རིགས་༡ སྐྱེ་ཁམས་གཏོར་བརླག་དང་གཞན་རིགས་༡བཅས་ཡོད་པ་རེད། དེ་དག་སྲིད་འཛིན་ས་ཁོངས་ལྟར་དབྱེ་ན། བཞད་མཐོང་སྨོན་རྫོང་ལ་གྱོད་གཞི་༢དང་། བསམ་གྲུབ་རྩེ་ཆུས་ལ་གྱོད་གཞི་༦ ངམ་རིང་རྫོང་ལ་གྱོད་གཞི་༡ པ་སྣམ་རྫོང་ལ་གྱོད་གཞི་༡བཅས་ཡོད་པ་རེད། 

སྤྱི་ཟླ་༧པའི་ཚེས་༡༣ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་དང་པོས་རང་རེའི་གྲོང་ཁྱེར་ལ་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཡིག་ཆ་༦༩བསྒྲུབ་རྒྱུར་སྤྲད་པ་དང་། ཚང་མ་འབྲེལ་ཡོད་ཚན་པར་རྩིས་སྤྲད་ཟིན་ཞིང་འབྲེལ་ཡོད་ཚན་པས་(སྡེ་ཁག་)སྒྲུབ་གཉེར་ཧུར་ཐག་བྱེད་བཞིན་ཡོད་པ་རེད། རང་སྐྱོང་ལྗོངས་ལྟ་ཞིབ་ཚོ་ཆུང་གི་བླང་བྱ་གཞིར་བཟུང་། ཡིག་བསྐུར་ངོ་བཅར་གྱི་གྱོད་གཞི་སྒྲུབ་ཚུལ་ཉིན་༥ཡི་ནང་ལྟ་ཞིབ་ཚོ་ཆུང་ལ་ལན་སྤྲད་ནས་དག་ཐེར་དང་ཐག་གཅོད་བྱས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།

ཞར་བྱུང་ཡིག་ཆ། བསྒྲུབ་རྒྱུར་སྤྲད་པའི་ཁག་བརྒྱད་པའི་ཡིག་བསྐུར་ངོ་བཅར་གྱོད་གཞིའི་གནད་དོན་གསལ་ཐོ།

རྩ་གཉིས་ཨང་རྟགས་བཤེར་ནས་གཟིགས་རོགས།

 (ཚེ་རིང་རྒྱ་མཚོས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐