首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

སིབ་ནད་འགོག་བཅོས་ཇི་ལྟར་བྱེད་དགོས་སམ།

2024-08-13 10:16:20

作者

ཚེ་རིང་རྒྱ་མཚོ།

评论
0



སིབ་ནད་ནི་འགོས་ནད་ཀྱི་རིགས་ཤིག་སྟེ། སིབ་བུའི་ནད་དུག་གིས་བསྐྱེད་པ་དང་། འགོ་ལམ་གཙོ་བོ་དབུགས་ལམ་བརྒྱུད་ནས་འགོ་བའི་ནད་ཅིག་ཡིན་ལ། ཐོག་མར་ནད་དེ་ཕོག་སྐབས་ལུས་ལ་ཚ་བ་རྒྱས་ཤིང་མགོ་བོ་ན་བ་སོགས་ཚ་བ་སྤྱི་དང་འདྲ་ཞིང་། ནད་དངོས་སུ་ཐོན་སྐབས་འབྲུམ་པ་དམར་པོ་ཡུངས་འབྲུ་ལྟ་བུ་ལུས་ལ་ཁྱབ་པ་ཡིན་ཞིང་། ཐེངས་གཅིག་བྱུང་རྗེས་སླར་མི་འབྱུང་བའི་ནད་རིགས་ཤིག་ཡིན།
 

ཇི་ལྟར་འགོས་པ་ཡིན་ནམ

སིབ་ནད་ནི་མྱུར་བའི་རང་བཞིན་ཅན་གྱི་སིབ་བུའི་ནད་དུག་གིས་བསྐྱེད་པ་ཡིན་ཞིང་། ནད་དུག་དེའི་ནད་རྟགས་ཕྱིར་མ་མངོན་པའི་སྔོན་གྱི་ཉིན་4ནས་ཕྱིར་མངོན་རྗེས་ཀྱི་ཉིན་5ཡི་རིང་ལ་ནད་ཡམས་དེ་འགོས་པའི་ཉེན་ཁ་ཡོད་པ་རེད།  འགོ་ལམ་ནི་གཙོ་བོ་ནད་པས་སྦྲིད་པ་རྒྱག་སྐབས་དང་གློ་རྒྱག་སྐབས། སྐད་ཆ་བཤད་སྐབས་སོགས་སུ་ཁ་རླངས་དང་མཆིལ་རྡུལ་བརྒྱུད་ནས་འགོ་བ་ཡིན་ལ། ད་དུང་སིབ་ནད་ཅན་གྱི་མིག་ཆུ་དང་སྣ་ཆུ། མཆིལ་མ་སོགས་འགོས་ཡོད་པའི་ཅ་དངོས་ལས་ཀྱང་འགོ་བའི་ཉེན་ཁ་ཡོད། 

ནད་རྟགས་ཅི་ཞིག་ཡོད་དམ 

ཐོག་མའི་སྐབས་སུ་ཆམ་པ་ཞིག་ཕོག་པ་ལྟ་བུའི་ཚ་བ་རྒྱས་པ་དང་། གློ་རྒྱག་པ། སྣ་ཆུ་ཟག་པ་སོགས་ཡོད་ལ། དེ་ནས་གཟའ་འཁོར་གཅིག་ཙམ་གྱི་རྗེས་ནས་རིམ་བཞིན་ལུས་ཡོངས་ལ་རྨ་འབྲུམ་དམར་པོ་ཐོན་པ་དང་། ཁ་ནང་དུ་རྨ་འབྲུམ་དཀར་པོ་སྟེ། སོའང་བརྡར་བར་བྱེད་པའི་རྨ་ལེབ་ཐོན་གྱི་ཡོད་ཟེར། ནད་དེ་རིགས་སྔ་ཙམ་བརྟག་དཔྱད་དང་སྔ་ཙམ་སྨན་བཅོས་བྱེད་དགོས  ཚབས་ཆེན་པོར་གྱུར་ན། གློ་ཚད་དང་ཀླད་ཚད་དུ་འགྱུར་ཉེན་ཡོད་དེ། དཔེར་ན། གློ་ཚབས་ཆེན་རྒྱག་པའམ། ཚ་བ་མཐོ་པོ་རྒྱས་པ། ཡང་ན། དབུགས་མི་བདེ་བ་སོགས་ཀྱི་ནད་རྟགས་ཡོད་ན། གློ་ཚད་བསྐྱེད་པ་ཡིན་པའི་ཉེན་ཁ་ཡོད་ལ། གལ་ཏེ། མགོ་ན་བ་དང་སེམས་འཚབ་ཆེན་པོ་བྱུང་བ། རིག་པ་མི་གསལ་བར་འགྱུར་བ། ཡང་ན། དྲན་མེད་དུ་བརྒྱལ་བ་དང་འདར་ཡོམ་བྱེད་པ་སོགས་ཀྱི་ནད་རྟགས་བྱུང་ན། དེ་ནི་ཀླད་ཚད་བསྐྱེད་པ་ཡིན་པའི་ཉེན་ཁ་ཡོད་པ་ཡིན་ཟེར། 

བརྟག་དཔྱད་ཇི་ལྟར་བྱེད་དགོས་སམ། 

སྤྱིར་སིབ་ནད་ཀྱི་ནད་རྟགས་དེ་དག་ལས་ཕལ་ཆེར་ཧ་གོ་བཞིན་ཡོད་མོད། ནད་རྟགས་དེ་དག་ཐོན་རིང་མི་མང་པོ་ཞིག་ལ་བསྒོས་ཟིན་པའི་ཉེན་ཁ་ཡོད་པས། དེས་ན། དོགས་གཞི་ཡོད་མཁན་དག་ལམ་སེང་སྨན་ཁང་དུ་ཕྱིན་ནས་ཁྲག་གི་བརྟག་བཤེར་བྱས་ནས་སིབ་ནད་ཀྱི་དམིགས་བསལ་འགོག་རྫས་སོགས་གྲུབ་ཡོད་མེད་བརྟག་དཔྱད་བྱེད་རྒྱུ་ཡོད

སྨན་བཅོསཇི་ལྟར་བྱེད་དགོས་སམ 

  • སྨན་ཁང་དུ་ཕྱིན་ན། སྨན་པསྨན་ཆུབླུགས་པ་སོགས་བྱེད་སྲིད་ལ། ད་དུང་དགོས་གལ་བྱུང་ན། རླངས་པ་རྔུབ་བཅོས་སོགས་བྱས་ན་གློ་རྒྱག་རྒྱུ་འགོག་པར་བྱེད་པ་ཡིན། 

  • ནམ་རྒྱུན་འཚོ་བའི་ཁྲོད་ནས་འོ་མ་སོགས་སྤྲི་དཀར་ཡོད་པའི་ཟས་རིགས་བསྟེན་དགོས་ལ། ད་དུང་འཚོ་བཅུད་ཀ་པ་ཡིས་ཕན་ཐོགས་ངེས་ཅན་ཡོད། དེ་བཞིན་ཆུ་མང་ཙམ་འཐུང་བ་དང་། གལ་ཏེཁོག་པ་ཚབས་ཆེན་བཤལ་མཁན་གྱི་ནད་པ་ཡིན་ན། ཆུའི་ནང་དུ་ཚྭ་ཅུང་ཟད་རེ་བཏབ་ནས་འཐུང་ན་ཡག་པོ་ཡོད

  • ཅུང་ཟད་དྲག་སྐྱེད་བྱུང་དུས། འགུལ་སྐྱོད་བྱས་ན། སངས་དྲག་ཏུ་འགྱུར་མགྱོགས་པ་ཡོད། རྨ་འབྲུམ་དག་ནི་སངས་དྲག་ཏུ་ཕྱིན་རྗེས་རང་ཤུགས་ཀྱིས་མེད་པར་འགྱུར་འགྲོ་བས་སེམས་ཁྲལ་བྱེད་དགོས་མེད

སྔོན་ཁབ་རྒྱག་རྒྱུ་ཡོད་དམ།

   སྔོན་ཁབ་རྒྱག་རྒྱུ་ཡོད། གལ་ཏེ་སྔོན་ཁབ་རྒྱག་མ་མྱོང་བའི་མི་དར་མ་ཞིག་ཡིན་ན། མ་མཐར་ཡང་སྔོན་ཁབ་ཐེངས་གཅིག་རྒྱག་ཐབས་བྱེད་དགོས ཡིན་ན་ཡང་ཨེ་ཙེའི་ནད་པ་དང་ལུས་ཟུངས་ཞན་པོ་ཅན། གཞན་རིམས་འགོག་ཚོད་འཛིན་སྨན་་བཞིན་པའི་མཁལ་མ་སོགས་བརྗེ་བཅོས་བྱས་ཡོད་པའི་ནད་པ་ཡིན་ན། སྔོན་ཁབ་དེ་རྒྱག་མི་རུང་།

བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། བཀྲ་ཤིས་ཚེ་རིང་།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

ཡོང་ཁུངས། སྤྲིན་བཟང་དཀར་པོའི་འཕྲིན་སྟེགས། 



ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论
热点推荐