首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོཌ་ཆུང་གིས་ངམ་རིང་རྫོང་དུ་་་

2024-07-16 11:17:41

作者

ཚེ་རིང་རྒྱ་མཚོ།

评论
0





ཟླ་7པའི་ཚེས་8ནས་ཚེས་11ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོའི་ཙུའུ་ཀྲང་གཞོན་པ། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་གཞོན་པ་ལུའི་ཞུའེ་ཧྲེང་གིས་ངམ་རིང་རྫོང་དུ་ལྟ་ཞིབ་བྱས་པ་དང་། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་ཞུས་ཡོད་པ་རེད།

པར་འདི་ནི་ལུའི་ཞུའེ་ཧྲེང་གིས་ཀྲུའུ་ནུའོ་ཟངས་གཏེར་དུ་ལྟ་ཞིབ་བྱེད་པ་བཞིན་པ།

ཙུའུ་ཀྲང་གཞོན་པ་ལུའི་ཞུའེ་ཧྲེང་དང་བཅས་པས་སྔ་རྗེས་སུ་ཀྲུའུ་ནོར་ཟངས་གཏེར་དང་། རྫོང་གྲོང་བཙོག་ཆུ་གཙང་སེལ་བཟོ་གྲྭ། འཛུགས་སྐྲུན་གད་སྙིགས་བསྡུ་ས། འཚོ་བའི་གད་སྙིགས་སྦས་ས། སྐྱེམས་མཚོའི་ལྷོ་ནུབ་ངོགས་ཀྱི་སྐྱེ་ཁམས་ཉམས་གསོའི་ལས་གྲྭ། རྫོང་མི་དམངས་སྨན་ཁང་། བར་རྩེ་ཆུ་བེད་ལྟེ་གནས་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་ལས་གྲྭ། ངམ་རིང་རྫོང་S513ལམ་ཐིག་གི་ལམ་མདོ་ནས་མདོ་སྤེ་ཤང་རིན་ཆེན་སྡིངས་གྲོང་ཚོའི་བར་གྱི་གཞུང་ལམ། རང་སྐྱོང་ལྗོངས་རིམ་པའི་བཟང་བཟང་འདམ་ར་སྲུང་སྐྱོང་ཁུལ། རང་སྐྱོང་ལྗོངས་རིམ་པའི་ས་གཤིས་རྗེས་ཤུལ་དར་ཁ་ཆུ་མིགརང་བྱུང་སྲུང་སྐྱོང་ཁུལ་སོགས་སུ་བསྐྱོད་དེ་ས་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་གླེང་མོལ་བྱེད་པ། སྙན་ཞུ་ཉན་པ། དཔྱད་གཞིའི་ཡིག་རིགས་ལྟ་བ། ས་ཡུལ་དངོས་སུ་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཉེ་བའི་ལོ་ཤས་རིང་ངམ་རིང་རྫོང་གི་སྐྱེ་ཁམས་ཉམས་གསོ་དང་། སྦགས་བཙོག་འགོག་བཅོས། ཁོར་ཡུག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཁོར་རྒྱུག་སོགས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་ཚུལ་ཐད་ཤེས་རྟོགས་བྱས་པ་རེད།

པར་འདི་ནི་ལུའི་ཞུའེ་ཧྲེང་གིས་ངམ་རིང་རྫོང་གྲོང་བཙོག་ཆུ་གཙང་སེལ་བཟོ་གྲྭར་ལྟ་ཞིབ་བྱེད་བཞིན་པ།

ལུའི་ཞུའེ་ཧྲེང་གིས་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཐབས་ལམ་དང་བྱེད་སྟངས་སྣ་ཚོགས་བརྒྱུད། རི་གཉིས་འདུ་ཤེས་ཀྱི་ཚན་རིག་དང་མཐུན་པའི་ནང་དོན་དང་ལག་ལེན་གྱི་བླང་བྱ་རྒྱ་ཁྱབ་ངང་བརྒྱུད་བསྒྲགས་བྱས་ནས་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་འདུ་ཤེས་དང་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མཐོ་རུ་གཏོང་དགོས། ཁེ་ལས་དང་མི་སྒེར་གྱིས་སྔར་བས་ཁོར་ཡུག་སྲུང་སྐྱོང་དང་། ནུས་ཁུངས་གྲོན་ཆུང་། ལས་ཆོད་ཆེ་བའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། དཔལ་འབྱོར་འབྱུང་འཕྲོད་ཀྱི་རྣམ་པར་བསྒྱུར་བར་སྐུལ་འདེད་གཏོང་དགོས། སྤྱི་དམངས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱ་སྤྱོད་ནང་ཧུར་ཐག་ཞུགས་པར་བསྔགས་སྐུལ་བྱེད་པ་དང་། འབྱུང་འཕྲོད་འཛད་སྤྱོད་དང་ཐཱན་ཉུང་ཕྱིར་སྐྱོད་སོགས་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཡོངས་ཐུན་མོང་ཐོག་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ནང་ཞུགས་པའི་ཁོར་ཡུག་བཟང་པོ་གཏོད་དགོས།

པར་འདི་ནི་ལུའི་ཞུའེ་ཧྲེང་གིས་བར་རྩེ་ཆུ་བེད་ལྟེ་གནས་དང་དེའི་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་དུ་ལྟ་ཞིབ་བྱེད་བཞིན་པ།

ལུའི་ཞུའེ་ཧྲེང་གིས། ཁེ་ལས་དང་སྦགས་བཙོག་འབྱུང་ཁུངས་གཞན་དག་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁོར་ཡུག་གི་ཚད་གཞི་དང་ལྟ་ཞིབ་ཚད་ལེན་མ་ལག་ནན་པོ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་ལ་རྒྱུན་གཏན་གྱི་སྐོར་ཞིབ་དང་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཤེས་རྟོགས་བྱུང་བའི་ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་པ་དང་། ཐོན་སྐྱེད་བྱེད་མཚམས་བཞག་ནས་དག་ཐེར་བྱེད་དུ་འཇུག་པ། ཆོག་མཆན་ལག་ཁྱེར་ཕྱིར་འཐེན་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱོད་དགོས་པ་མ་ཟད། ཁྲིམས་ལྟར་འབྲེལ་ཡོད་འགན་འཁུར་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བཏང་ནས་སྤྱི་དམངས་ཀྱི་བདེ་ཐང་དང་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ལ་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།


བསྐྱར་ཞུས། འཆི་མེད། 

ཞུ་དག ཚེ་རིང་རྒྱ་མཚོ།  

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག སྐལ་བཟང་རྒྱལ་མཚན།

ཡོང་ཁུངས། ངམ་རིང་ལྟ་ཞིབ་གཞོགས་འདེགས་གཞུང་ལས་ཁང་།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论
热点推荐