ཚེ་རིང་རྒྱ་མཚོ།
ཟླ་7པའི་ཚེས་11ཉིན། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོས་གཞིས་ཀ་རྩེ་གྲོང་ཁྱེར་ལ་ཁག་དྲུག་པའི་ཡིག་སྐུར་ངོ་བཅར་གྱི་ཐེར་འདོན་ཡིག་ཆ་12བརྒྱུད་སྒྲུབ་བྱས་པ་དང་། ཚང་མ་ཁ་པར་ཐོག་ནས་ཐེར་འདོན་བྱས་ཡོད་པ་རེད། སྦགས་བཙོག་གི་རིགས་གཙོ་བོ་ལྟར་དབྱེ་ན། རླུང་ཁམས་སྦགས་བཙོག་ཐེབས་པའི་རིགས་1(སྣུམ་དུའི་སྦགས་བཙོག་) སྐྱེ་ཁམས་གཏོར་བརླག་དང་དེ་མིན་གཞན་དག་རིགས་1 རླུང་ཁམས་སྦགས་བཙོག་དང་འཛེར་སྒྲའི་གནོད་སྐྱོན་ཐེབས་པའི་རིགས་1 སྐྱེ་ཁམས་གཏོར་བརླག་ཐེབས་པའི་རིགས་4 རླུང་ཁམས་སྦགས་བཙོག་ཐེབས་པའི་རིགས་1 སྐྱེ་ཁམས་གཏོར་བརླག་དང་ཆུ་སྦགས་བཙོག་ཐེབས་པའི་རིགས་1 ཆུ་སྦགས་བཙོག་དང་རླུང་ཁམས་སྦགས་བཙོག་ཐེབས་པའི་རིགས་1 དེ་མིན་གཞན་དག་རིགས་2བཅས་ཡིན། སྲིད་འཛིན་ས་ཁོངས་ལྟར་དབྱེ་ན། རྣམ་གླིང་རྫོང་ལ་གྱོད་གཞི་2དང་། བསམ་གྲུབ་རྩེ་ཆུས་ལ་གྱོད་གཞི་6 སྐྱིད་གྲོང་རྫོང་ལ་གྱོད་གཞི་1 དིང་རི་རྫོང་ལ་གྱོད་གཞི་1 ངམ་རིང་རྫོང་ལ་གྱོད་གཞི་1 བཞད་མཐོང་སྨོན་རྫོང་ལ་གྱོད་གཞི་1བཅས་ཡོད་པ་རེད།
ཟླ་7པའི་ཚེས་11ཉིན་བར། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་དང་པོས་རང་རེའི་གྲོང་ཁྱེར་ལ་ཡིག་སྐུར་ངོ་བཅར་ཐེར་འདོན་ཡིག་ཆ་43བརྒྱུད་སྒྲུབ་བྱས་པ་དང་། ཚང་མ་འབྲེལ་ཡོད་ཚན་པར་རྩིས་སྤྲད་ཟིན་ཞིང་འབྲེལ་ཡོད་ཚན་པས་(སྡེ་ཁག་)སྒྲུབ་གཉེར་ཧུར་ཐག་བྱེད་བཞིན་ཡོད་པ་རེད། རང་སྐྱོང་ལྗོངས་ལྟ་ཞིབ་ཚོགས་ཆུང་གི་བླང་བྱ་གཞིར་བཟུང་། ཡིག་སྐུར་ངོ་བཅར་གྱི་གྱོད་གཞི་སྒྲུབ་ཚུལ་ཉིན་5ནང་ལྟ་ཞིབ་ཚོགས་ཆུང་ལ་ལན་སྤྲད་ནས་དག་ཐེར་དང་ཐག་གཅོད་བྱས་ཚུལ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།
ཟུར་ཡིག བརྒྱུད་སྒྲུབ་བྱས་པའི་ཁག་དྲུག་པའི་ཡིག་སྐུར་ངོ་བཅར་གྱོད་གཞིའི་གནད་དོན་གསལ་ཐོ།
བསྐྱར་ཞུས། འཆི་མེད།
ཞུ་དག ཚེ་རིང་རྒྱ་མཚོ།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།
ཡིག་སྒྱུར། ཚེ་རིང་སྒྲོལ་མ།
སྒྲ་འཇུག སྐལ་བཟང་རྒྱལ་མཚན།
ཡོང་ཁུངས། གྲོང་ཁྱེར་ལྟ་ཞིབ་གཞོགས་འདེགས་གཞུང་ལས་ཁང་།
ཡིག་སྒམ་ཨང་གྲངས།
གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།
ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།
རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།
点赞
收藏