首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > 时政

བསམ་གྲུབ་རྩེ་སྤྱི་བདེས་སྒོར་ཁྲི་34ཟིན་པའི་གྱོད་གཞི་ཞིག་་་

2024-07-16 11:17:53

作者

ཚེ་རིང་རྒྱ་མཚོ།

评论
0




ཉེ་ཆར། བསམ་གྲུབ་རྩེ་སྤྱི་བདེ་དང་གཞིས་ཀ་རྩེ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་ས་གནས་དེ་གའི་རྡོ་ཐ་ཆེད་ཚོང་སྡེབ་ཚོང་ཁེ་ལས་ནས་ཐ་མག་མ་འཐེན་པར་ས་ཆ་གཞན་ནས་ཉོས་ཏེ་བཙོང་བའི་གྱོད་གཞི་ཞིག་རྩད་ཆོད་དེ། ཁྲིམས་འགལ་ཉེས་གསོག་དོགས་ཅན་1འཛིན་བཟུང་བྱས་པ་དང་གྱོད་འབྲེལ་ཐ་མག་སྟར་ཚན་1165རྩད་ཆོད་པ་མ་ཟད། རིན་ཐང་སྒོར་ཁྲི་43 ལྷག་ཙམ་ཟིན་གྱི་ཡོད་པ་རེད།


ཟླ་7པའི་ཚེས་1ཉིན། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་བཀྲ་ཤིས་སྐྱེ་ཚལ་མངགས་གཏོང་ཁང་གིས་གཞིས་ཀ་རྩེ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་དང་མཉམ་འབྲེལ་ཐོག་ཁྲིམས་འཛིན་བྱེད་སྐབས་ཧྲན་ཏུང་ལམ་གྱི་གྲོང་མི་ཞིག་གི་ཁང་པའི་ནང་ནས་ཐ་མག་འབོར་ཆེན་རྙེད་པ་དང་། ཞིབ་བཤེར་བྱས་པ་བརྒྱུད། སྤུས་རྟགས་སྣ་ཚོགས་ཀྱི་ཐ་མག་ཁྱོན་སྟར་ཚན་1165ཡོད་པ་རེད། 

བརྟག་དཔྱད་བྱས་པ་བརྒྱུད། ཀྲོའུ་ཆེ་གེ་མོར་ཐ་མག་སིལ་ཚོང་ཆོག་མཆན་ལག་ཁྱེར་ཡོད་མོད། འོན་ཀྱང་ས་གནས་དེ་གའི་རྡོ་ཐ་ཆེད་ཚོང་སྡེབ་ཚོང་ཁེ་ལས་ནས་ཐ་མག་འཐེན་མེད། ཁོས་ཐབས་ལམ་གཞན་དག་བརྒྱུད་དེ་རིགས་ཁག་གི་སྤུས་རྟགས་ཐ་མག་འབོར་ཆེན་ཉོ་སྒྲུབ་བྱས་ནས་རྡོ་ཐ་ཆེད་འཚོང་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་གཏོར་སྐྱོན་བཏང་ཡོད་པ་རེད།

མིག་སྔར། གྱོད་གཞི་དེ་གཞིས་ཀ་རྩེ་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ལ་རྩིས་སྤྲོད་བྱས་ནས་མུ་མཐུད་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། 

བསྐྱར་ཞུས། འཆི་མེད།

ཞུ་དག ཚེ་རིང་རྒྱ་མཚོ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།

ཡིག་སྒྱུར། ཚེ་རིང་སྒྲོལ་མ།

སྒྲ་འཇུག ཚེ་རིང་རྒྱ་མཚོ།

རྒྱ་ཡིག་ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེའི་འཕྲིན་སྟེགས།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།



点赞

收藏

评论
已输入0
全部评论
加载更多评论
热点推荐