首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

བཟའ་སྣུམ་ཉུང་ན་བདེ་ཐང་ཆེ།

2024-08-13 12:56:07

作者

ཚེ་རིང་རྒྱ་མཚོ།

评论
0




བཟའ་སྣུམ་མང་དྲཌ་ན་གཅོང་ནད་ཕོག་སྲིད།

《ཀྲུང་གོའི་གྲོང་མིའི་བཟའ་བཅའི་ཕྱོགས་སྟོན་(2022)》ནང་འོས་སྦྱོར་བྱས་པ་ལྟར་ན། མི་དར་མས་ཉིན་རེར་བཟའ་སྣུམ་ཁེ་25ནས་30བར་ཟས་ན་འཚམ་པོ་ཡོད། དེ་ལས་མང་དྲགས་ན་ཤ་རྒྱགས་པ་ཆགས་པ་དང་གཅོང་ནད་ཕོག་པའི་ཉེན་ཁ་ཆེ་རུ་འགྲོ་གི་ཡོད།


བཟའ་སྣུམ་རིགས་གཅིག་རྐྱང་ཟ་རྒྱུ་མེད།

དུས་ཡུན་རིང་པོར་བཟའ་སྣུམ་རིགས་གཅིག་རྐྱང་ཟ་མི་རུང་། བཟའ་སྣུམ་གྱི་རིགས་ཕུན་སུམ་ཚོགས་སུ་བཏང་ནས་ཕན་ཚུན་སྡེབ་སྒྲིག་དང་རེས་མོས་བྱས་ཏེ་ཟ་དགོས། དེར་ལྟར་བྱས་ཚེ་ཚིལ་སྐྱུར་དོ་མཉམ་རྒྱུན་འཁྱོངས་ཡོང་ཐུབ།



སྣུམ་གྱི་དྲོད་ཚད་མཐོ་དྲགས་རྒྱུ་མེད།


སྣུམ་གྱི་དྲོད་ཚད་མཐོ་དྲགས་ན་སྣུམ་གྱི་འཚོ་བཅུད་ཆགས་འགྲོ་གི་ཡོད་པ་དང་། ཐ་ན་དུག་ལྡན་དངོས་རྫས་ཀྱང་འབྱུང་སྲིད། དེར་བརྟེན་བཟའ་བཅའ་སྔོན་ལ་རླངས་བཙོས་དང་ཆུ་བཙོས་རྒྱག་པ་སོགས་བྱས་ནས་སྣུམ་དྲོད་ཅུང་དམའ་པོས་བརྔོ་ན་ཡག་པོ་ཡོད།


སྣུམ་ཡང་སྐོར་བསྐྱར་སྐོར་སྤྱོད་མི་རུང་།

སྣུམ་རྔོད་ཟས་རིགས་བཟོ་སྐབས་སྣུམ་གྱི་དྲོད་ཚད་མཐོ་དྲགས་པས་རྫས་འགྱུར་དངོས་པོ་ཐོན་སླ་བ་དང་། དངོས་པོའི་ངོ་བོ་འགྱུར་སླ་བ། གནོད་ལྡན་དངོས་པོ་འབྱུང་སྲིད་པས། བཟའ་སྣུམ་ཡང་སྐོར་བསྐྱར་སྐོར་བེད་སྤྱོད་བྱེད་མི་རུང་།

བསྐྱར་ཞུས། འཆི་མེད།

ཞུ་དག བཀྲ་ཤིས་ཚེ་རིང་།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

ཡིག་སྒྱུར། ཚེ་རིང་རྒྱ་མཚོ

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། བདེ་ཐང་ཀྲུང་གོ།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།


点赞

收藏

评论
已输入0
全部评论
加载更多评论
热点推荐