首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

སྐྱེས་པ་དེའི་ལག་གཡོན་མ་འཕྲུལ་འཁོར་ནང་ཤོར་བས་་་་

2024-08-13 13:09:06

作者

ཚེ་རིང་རྒྱ་མཚོ།

评论
0



ཟླ་8པའི་ཚེས་7ཉིན་གྱི་ཆུ་ཚོད་16དང་སྐར་མ་40ཙམ་ལ། ཁ་ལོ་བ་ཞིག་གིས་དངངས་ཚབ་ཆེན་པོས་རྟ་མགྲིན་བཟང་ཆུ་དམངས་ཕན་ཉེན་རྟོག་ས་ཚིགས་ཀྱི་ལས་རེས་ཉེན་རྟོག་པར། ངའི་མོ་ཊའི་ནང་དུ་སྐྱེས་པ་ཞིག་ཡོད་པས་ཁོ་པའི་ལག་གཡོན་མ་འཕྲུལ་འཁོར་གྱི་ནང་དུ་ཤོར་ནས་བཅད་འདུག་པས་གང་མགྱོགས་མི་དམངས་སྨན་ཁང་ལ་སྐྱེལ་རོགས་ཞེས་བཤད།

དེར་ཉེན་རྟོག་པས་ལམ་སེང་རྨས་མ་དེ་ཉེན་རྟོག་པའི་མོ་ཊའི་ནང་བླུགས་པ་དང་སྦྲགས། སྨན་ཁང་དུ་བསྐྱོད་པའི་ལམ་ཐིག་མགྱོགས་ཤོས་དེ་འཆར་འགོད་བྱས་ནས་སྨན་ཁང་དུ་འགྲོ་བའི་ལམ་དེ་ཟང་ཟིང་ཆེ་ཡང་ཉེན་རྟོག་པའི་མོ་ཊས་མགྱོགས་ལ་བདེ་འཇགས་ལྡན་པའི་སྒོ་ནས་ཁོ་པ་སྨན་ཁང་ལ་བསྐྱལ་ཡོད་པ་རེད།

དུས་ཚོད་ནི་ཚེ་སྲོག་ཡིན་པས་གལ་སྲིད་རྨས་མ་དེ་ལམ་སེང་སྨན་ཁང་ལ་བསྐྱལ་མ་ཐུབ་ཚེ་ཁོ་པ་ཁྲག་མང་པོ་དོན་ནས་སྲོག་ལ་ཉེན་ཁ་འཕྲད་སྲིད།
ཉེན་རྟོག་པས་རྨས་མ་དེ་སྐར་མ་བཅུའི་ནང་དུ་སྨན་ཁང་ལ་བསྐྱལ་བས་སྨན་བཅོས་དུས་ཐོག་ཏུ་བྱེད་པའི་གོ་སྐབས་བྱུང་ཡོད། མིག་སྔར་རྨས་སྐྱོན་ཕོག་པའི་སྐྱེས་པ་དེ་སྨན་བཅོས་བྱེད་བཞིན་ཡོད་པ་རེད།


བསྐྱར་ཞུས། འཆི་མེད། 

ཞུ་དག བཀྲ་ཤིས་ཚེ་རིང་།

རྩོམ་སྒྲིག་པ།ཚེ་རིང་རྒྱ་མཚོ།

ཡིག་སྒྱུར། ཚེ་རིང་རྒྱ་མཚོ།

སྒྲ་འཇུག ཚེ་སྒྲོན།

ཡོང་ཁུངས། དུས་བདེའི་བསམ་གྲུབ་རྩེ་ཞེས་པའི་འཕྲིན་སྟེགས་ནས།


ཡིག་སྒམ་ཨང་གྲངས།

གལ་སྲིད་ཁྱེད་ལ་ཁུངས་བཙན་གྱི་གསར་འགྱུར་རམ་ཆ་འཕྲིན་ཆོབ་ཚ་པོ་དེ་འདྲ་ཡོད་ཚེ་ང་ཚོར་བསྐུར་རོགས་གནང་།

ང་ཚོའི་ཡིག་སྒམ་ནི་1132875981@qq.comཡིན།

རྩོམ་ཡིག་གཞིས་ཀ་རྩེའི་ཚགས་པར་ལས་ཁུངས་ཀྱི་ཡིག་སྒམ་rkzbszw@163.comལ་བསྐུར་རོགས་གནང་།

点赞

收藏

评论
已输入0
全部评论
加载更多评论
热点推荐