首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

བློ་ཁོག་ཆེ་བ་ལ། ལག་ཁྱེར་མེད་པ་དང་འགྲུལ་པ་ཚད་ལས་བརྒལ་ནས་བླུཌ་ཏེ་་

2024-08-29 12:06:41

作者

次仁卓玛

评论
0



ཉེ་ཆར། བསམ་གྲུབ་རྩེ་སྤྱི་བདེས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་2རྩད་ཆོད་པ་དང་ད་ལྟ་དམར་འདོན་བྱ་རྒྱུ་ཡིན་པས། རྒྱ་ཆེའི་ཁ་ལོ་བ་ཚོས་བསླབ་བྱ་དང་ལེན་བྱེད་རྒྱུའི་རེ་བ་ཡོད།

གྱོད་དཔེ་དང་པོ།
ཟླ་7པའི་ཚེས་17ཉིན། ཆུ་མིག་ཤང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་གྱི་གྲོང་ཚོའི་ལམ་དུ་རྒྱུན་གཏན་གྱི་ཞིབ་བཤེར་བྱེད་རིང་། འཁོར་རྟགས་བོད་A8***8ཡིན་པའི་ཟོག་འདྲེན་རླངས་འཁོར་དཀྱུས་མ་ཡང་གྲས་ཤིག་ལ་ཞིབ་བཤེར་བྱེད་སྐབས། ཁ་ལོ་བས་དངངས་སྐྲག་ཆེན་པོ་བྱེད་པ་དང་ཉེན་རྟོག་པས་སྐད་ཆ་འདྲི་སྐབས་གཡོལ་ནས་ལན་གསལ་པོ་བརྒྱབ་ཀྱི་མེད་ལ་ལག་ཁྱེར་ཡང་སྟོན་གྱི་མེད་པས། ཉེན་རྟོག་པས་ཁ་ལོ་བར་དོགས་པ་ཆེན་པོ་སྐྱེས། མུ་མཐུད་ཞིབ་བཤེར་བྱས་པ་བརྒྱུད། ཁ་ལོ་བ་སྐལ་ཆེ་གེ་མོར་ཁ་ལོ་བའི་ལག་ཁྱེར་མེད་པ་རེད།

མིག་སྔར་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་》ཀྱི་གཏན་འབེབས་གཞིར་བཟུང་། བསམ་གྲུབ་རྩེ་ཆུས་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཁྲིམས་ལྟར་སྐལ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་ཉིན་5དང་དངུལ་ཆད་སྒོར་1500བཅད་པ་རེད། 


གྱོད་དཔེ་གཉིས་པ།

ཟླ་8པའི་ཚེས་11ཉིན། ཆུ་ཤར་ཞིབ་བཤེར་ས་ཚིགས་ཀྱི་ལས་སྒྲུབ་མི་དམངས་ཉེན་རྟོག་པས་འགྲོ་འོང་བྱེད་མཁན་རླངས་འཁོར་ལ་འཆར་ཅན་བཞིན་ཞིབ་བཤེར་བྱེད་སྐབས། འཁོར་རྟགས་བོད་D2***2ཡིན་པའི་རླངས་འཁོར་ཆུང་གྲས་ཤིག་གི་ནང་འཚང་ཁ་ཤིན་ཏུ་ཆེ་བས་འགྲུལ་པ་ཚད་ལས་བརྒལ་བ་བླུགས་ཡོད་པའི་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་བ་རེད། དེ་རྗེས་ཉེན་རྟོག་པས་རླངས་འཁོར་དེ་ཁ་བཀག་པ་མ་ཟད། རླངས་འཁོར་ནང་གི་མི་ཚང་མ་མར་བབས་ནས་ཞིབ་བཤེར་བྱེད་དགོས་པའི་རེ་བ་བཏོན་པ་རེད།

ཞིབ་བཤེར་བྱས་པ་བརྒྱུད། རླངས་འཁོར་དེའི་ནང་ཚད་མཐུན་མི་5བླུགས་ཆོག་པ་དང་དངོས་སུ་མི་6བླུགས་ཡོད་པས། 20%ཚད་ལས་བརྒལ་ཡོད་པ་རེད། ཁ་ལོ་བ་བསྟན་ཆེ་གེ་མོས་རླངས་འཁོར་ནང་སྡོད་མཁན་ཚང་མ་རང་ཉིད་ཀྱི་གྲོགས་པོ་ཡིན་པས། གནས་སྐབས་སྟབས་བདེ་ཡོང་ཆེད་འཚང་ཁ་བརྒྱབ་ན་སྐྱོན་མེད་པའི་བསམ་པ་བཅངས་ཡོད་ཀྱང་། ཞིབ་བཤེར་ས་ཚིགས་སུ་སླེབས་མ་ཐག་ལས་སྒྲུབ་མི་དམངས་ཉེན་རྟོག་པས་རྩད་ཆོད་པ་རེད།

མིག་སྔར་གྱོད་གཞི་དེ་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་ལ་མུ་མཐུད་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་ཡོད་པ་རེད།

点赞

收藏

评论
已输入0
全部评论
加载更多评论