首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

ཟླ་བ་ཚེ་རིང་གིས་པ་སྣམ་རྫོང་དུ་བརྟག་ཞིབ་གནང་བ།

2024-08-07 10:51:34

作者

评论
0

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་གིས་པ་སྣམ་རྫོང་དུ་བརྟག་ཞིབ་གནང་བ་མ་ཟད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སྒྲོག་འགྲེལ་ཡང་གནང་བ་རེད། ཁོང་གིས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་བརྟེན་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་ནུས་ཤུགས་འདོན་སྤེལ་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

ཟླ་བ་ཚེ་རིང་གིས་སྔ་རྗེས་སུ་དགའ་སྟོང་གྲོང་རྡལ་ཨ་ཡ་གྲོང་ཚོ་དང་བོད་ལྗོངས་ཇོ་མོ་གླང་མ་ཧྭ་ལུའེ་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི། གཞིས་ཀ་རྩེ་ཇོ་མོ་གླང་མའི་དེང་རབས་ཞིང་ལས་ཚན་རྩལ་གསར་གཏོད་དངོས་མང་བཤམས་སྟོན་གླིང་བཅས་ཀྱི་དྲོད་ཁང་ཆེ་མོ་དང་ཐོན་སྐྱེད་འཁོར་ཁང་དུ་ཕེབས་ནས་མཉམ་ལས་ཁང་གི་འཕེལ་རྒྱས་དང་ཁེ་ལས་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

 ཟླ་བ་ཚེ་རིང་གིས་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་དོན་དངོས་ལ་གཞི་ཚུགས་པ། ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ཐབས་ལམ་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆར་འགོད་བྱེད་པ། ཡུལ་བབ་དང་བསྟུན་ནས་ལེགས་ཆ་མངོན་གསལ་དོད་པ་དང་སྐུལ་ཁྲིད་ནུས་པ་ཅུང་ཆེ་བའི་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བྱེད་དགོས་པ། སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་ཁྱོན་ཆེ་རུ་གཏོང་བ་དང་སྦྲེལ་ཐག་རིང་དུ་གཏོང་བ། ཁྲོམ་ར་རྒྱ་སྐྱེད་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་བྱེད་པ། ཐོན་སྐྱེད་དང་ལས་སྣོན། ཕྱིར་ཚོང་། ཟོག་འགྲེམས་སོགས་ཀྱི་ལྷུ་ཚིགས་ཁག་ཤར་བགྲོད་ཐུབ་པ་བྱེད་པ། སྤུས་རྟགས་ཅན་དང་གཞི་ཁྱོན་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཁྲོམ་རའི་འགྲན་རྩོད་ནུས་པ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། ཚན་རྩལ་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་ཚན་རྩལ་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། སོན་བཟང་དང་ཐབས་བཟང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་གོ་ཆོད་ཤེས་ལྡན་མི་སྣའི་དཔུང་ཁག་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་དང་གསོན་ཤུགས་བསྣན་དགོས་པ། སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་དབྱང་གིས་བཏོན་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི་སྲིད་ཇུས་དང་བྱ་ཐབས་ཁག་བེད་སྤྱོད་ཡག་པོ་བྱེད་པ། མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ་ཚད་ཡོད་མ་དངུལ་འགག་རྩའི་སྐབས་སུ་སྤྱོད་པ་དང་ཕན་འབྲས་དངོས་ཐོན་པ་བྱེད་དགོས་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་རང་འགུལ་ངང་བྱས་རྗེས་འཇོག་པ། མི་དམངས་ལ་ཞབས་འདེགས་ཞུ་བ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་འཕྲད་པའི་དཀའ་ངལ་སེལ་རོགས་བཅས་བྱས་ཏེ་ཁེ་ལས་ཀྱིས་བློ་བདེའི་ངང་མ་འཇོག་བྱེད་པ་དང་བློ་བདེའི་ངང་གཉེར་སྐྱོང་ཐུབ་པ་བྱེད་དགོས་པ། ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་དེ་གལ་ཆེའི་གནས་བབ་ཏུ་བཞག་སྟེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་དངོས་གཞིའི་ཐོན་ལས་རྣམ་གྲངས་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ་དང་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གནས་སྡོད་དང་འཚམ་པ་དང་། ལས་རིགས་དང་འཚམ་པ།  མཛེས་སྡུག་ལྡན་པ་བཅས་ཀྱི་གྲོང་གསེབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་དགོས་པའི་ནན་གསུང་གནང་བ་རེད།

ཁྲེན་ཀེང་དང་མུའུ་ཤིན་པིན་ཞུགས་ཡོད་པ་རེད།

 (ཚེ་དབྱངས་ཀྱིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐