首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

ཟླ་བ་ཚེ་རིང་གིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་(རྒྱ་ཆེ་)གཙོ་སྐྱོང་གནང་བ།

2024-08-06 10:36:24

作者

评论
0

སྤྱི་ཟླ་༨པའི་ཚེས་༢ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ། གྲོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ་ཚེ་རིང་གིས་གྲོང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་(རྒྱ་ཆེ་)གཙོ་སྐྱོང་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ། འབྲེལ་ཡོད་ལས་དོན་སྙན་ཞུ་གསན་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

ཟླ་བ་ཚེ་རིང་གིས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་གཞིས་ཀ་རྩེའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ཆད་ལུས་མེད་པར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཉེན་ཁར་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ། མངོན་མེད་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། ཁ་གཏད་གཅོག་ཐབས་ཞིབ་ཚགས་སུ་གཏོང་བ། འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ཏེ་བདེ་འཇགས་ཐོན་སྐྱེད་དང་འབྲུབ་འགོག་གེགས་སེལ་ལས་དོན་ཏན་ཏིག་སྒྲུབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་དགོས་པ། ལོ་ཧྲིལ་པོའི་ལས་ཀའི་དམིགས་ཚད་དང་ལས་འགན་ལ་ཕྱོགས་ཡོངས་ནས་ཚད་བསྡུར་བྱས་ཏེ་ཕན་ནུས་ལྡན་པའི་མ་དངུལ་འཇོག་རྒྱ་ཆེ་རུ་གཏོང་བ་དང་ཁྱད་ལྡན་ཐོན་ལས་སྐྱེད་བསྲིང་དང་སྟོབས་ཆེར་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ལ་འབད་བརྩོན་བྱེད་པ། སྤྱི་ཚོགས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཁོར་རྒྱུག་གི་འཕེལ་ཕྱོགས་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་ལྟེ་བའི་གྲོང་ཁྱེར་གཉིས་འཛུགས་སྐྲུན་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་པ། ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་དགོས་པ། ཏང་ཕྱིའི་ཤེས་ཡོན་ཅན་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཤུགས་སྣོན་རྒྱག་པ། ཏང་ཕྱིའི་འཐུས་ཚབ་མི་སྣ་ཤེས་རྟོགས་དང་གསོ་སྐྱོང་། འོས་སྦྱོར། བཀོལ་སྤྱོད་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དུས་རབས་གསར་པའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པའི་ནན་གསུང་གནང་བ་རེད།

ཚོགས་འདུའི་ཐོག  མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་དུས་མཚམས་རང་བཞིན་གྱི་ལས་དོན་སྙན་ཞུ་གསན་པ་རེད། ཟླ་བ་ཚེ་རིང་གིས་འགན་འཁྲི་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་གཏོང་བ་དང་ལས་ཀའི་འགན་འཁྲི་སྔར་བས་ནན་དུ་གཏོང་བ། ཞིབ་ཕྲའི་བྱ་ཐབས་ཞིབ་ཚགས་སུ་གཏོང་བ། གཅིག་སྡུད་ཐོག་བཅོས་སྒྲིག་བྱེད་པའི་ལས་དོན་ཞིབ་ཚགས་དང་ཏན་ཏིག་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མང་ཚོགས་ལ་ཕན་འབྲས་དང་འགྱུར་ལྡོག་ཚོར་ཐུབ་པ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་ཉེན་ཟོན་སློབ་གསོར་ཤུགས་སྣོན་རྒྱག་པ། མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་འདུ་ཤེས་ཟབ་ཏུ་གཏོང་བ། མང་ཚོགས་ཀྱི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་གསུང་གནང་བ་རེད།

ཚོགས་འདུའི་ཐོག  གྲོང་ཁྱེར་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་གནས་ཚུལ་སྙན་ཞུ་གསན་པ་རེད། ཟླ་བ་ཚེ་རིང་གིས་གཞིས་ཀ་རྩེའི་དོན་དངོས་ལ་གཞི་ཚུགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་ལས་དོན་ནུས་ལྡན་ངང་སྤེལ་དགོས་པ། རིམ་དབྱེ་རིགས་དབྱེའི་སྒོ་ནས་སྡེ་ཁུལ་དང་ཤང་གྲོང་། གྲོང་ཚོ་གྲོང་ལྷན། སློབ་གྲྭ། དགོན་སྡེ་སོགས་ཀྱི་འཛུགས་གཏོད་ལས་དོན་ཡག་པོ་སྒྲུབ་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་བ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་ཁོར་ཡུག་ཟབ་མོ་ཞིག་གཏོད་དགོས་པ། གསར་གཏོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། སྤྱོད་གོ་ཆོད་པའི་བྱ་ཐབས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ་གསར་གཏོད་ལས་དོན་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་གསུང་གནང་བ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།

 (ཚེ་དབྱངས་ཀྱིས་བསྒྱུར་)


点赞

收藏

评论
已输入0
全部评论
加载更多评论
热点推荐