首页 访谈 经济 文旅 民生 生态 健康 理论 专题 时政 文明 直播 图片 视频 区县 བོད་ཡིག་
当前位置: 首页 > སྐབས་དོན་གསར་འགྱུར།

དངུལ་སྒོར་10960དང་1096ནོར་ཏེ་སྤྲད་པས། མངགས་གཏོང་ཁང་གིས་་་

2024-09-06 17:44:33

作者

次仁卓玛

评论
0



གནས་ཚུལ་ཕྱིར་དྲན།


ཉེན་རྟོག་པ་ལགས། སྐུ་མགྲོན་ཞིག་གིས་ངའི་འདི་ནས་དངོས་ཟོག་ཉོས་རྗེས་དངུལ་སྤྲོད་རྒྱུ་ཉུང་དྲགས་འདུག་པས། མི་འདི་བཙལ་རོགས་གནང་ཞེས་བརྗོད། དེ་ཡང་ཟླ་8པའི་ཚེས་28ཉིན་གྱི་ཆུ་ཚོད་12པར། ཆུང་ཆེ་གེ་མོས་བྲེལ་འཚུབ་ངང་བདེ་ལེགས་མངགས་གཏོང་ཁང་དུ་ཡོང་ནས་རོགས་སྐྱོར་གནང་རོགས་ཞུས། ཆུང་ཆེ་གེ་མོས་བརྗོད་པར་གཞིགས་ན། སྐུ་མགྲོན་ཞིག་གིས་ཆུང་ཆེ་གེ་མོའི་ས་ནས་སྒོར་10960ཡི་ཨར་འདམ་ཉོས་ཡོད། འོན་ཀྱང་རིན་པ་སྤྲོད་དུས་སྒོར་1096མ་གཏོགས་འབྱོར་མེད་པ་རེད།


གནས་ཚུལ་ཐོན་སྐབས། ཅ་ལག་ཉོ་མཁན་མི་མང་བའི་དབང་གིས་སུ་ཡིན་པ་གསལ་པོ་ངེས་མེད་པས། ཉེན་རྟོག་པ་མ་བཙལ་ཐབས་མེད་བྱུང་བ་རེད།

ཉེན་རྟོག་པས་འཕྲལ་དུ་ས་ཡུལ་དངོས་སུ་བསྐྱོད་དེ་བརྟག་དཔྱད་བྱས་པ་དང་། ཆུང་ཆེ་གེ་མོས་མཁོ་འདོན་བྱས་པའི་ཁུངས་སྣེ་གཞིར་བཟུང་། ཆུ་ཚོད་གཅིག་ཙམ་གྲལ་བཤེར་བྱས་པ་བརྒྱུད་ཅ་ལག་ཉོ་མཁན་གྱི་ཁ་ལོ་བའི་རླངས་འཁོར་ཤེས་རྟོགས་བྱུང་ཡོད།
དེ་རྗེས་ཉེན་རྟོག་པས་ཅ་ལག་ཉོ་མཁན་ལིའུ་ཆེ་གེ་མོའི་(མིང་ཚབ་)ཆ་འཕྲིན་གཏན་འཁེལ་བྱས་པ་མ་ཟད། ཁ་པར་བརྒྱུད་ནས་ལིའུ་ཆེ་གེ་མོར་ཡོང་དོན་གསལ་བཤད་བྱས། ལིའུ་ཆེ་གེ་མོས་གནས་ཚུལ་ཤེས་རྗེས་ཁོ་པ་རང་ཉིད་ཀྱང་ཧང་སངས། མྱུར་དུ་སྐད་འཕྲིན་ཉོ་ཚོང་ཟིན་ཐོ་ལ་བལྟས་པས། རང་ཉིད་ཀྱིས་དངུལ་སྤྲོད་སྐབས་ཧ་རེ་ཧུ་རེ་བྱས་ཏེ་0གཅིག་ཉུང་བ་མནན་པ་གཞི་ནས་ཤེས་ཡོད། 

དེ་མ་ཐག་མི་དམངས་ཉེན་རྟོག་པའི་བདེན་དཔང་འོག་ལིའུ་ཆེ་གེ་མོས་སྐད་འཕྲིན་བརྒྱུད། ཆུང་ཆེ་གེ་མོར་ལྷག་མ་སྒོར་9864ཁ་གསབ་བྱས་པ་མ་ཟད་དགོངས་དག་ཀྱང་ཞུས་པ་རེད། ཆུང་ཆེ་གེ་མོས་དངུལ་ལྷག་མ་རྣམས་ལག་ཏུ་འབྱོར་རྗེས་དགའ་ཚོར་ཆེན་པོས་མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་གང་མང་ཞུས་ཡོད་པ་རེད།


点赞

收藏

评论
已输入0
全部评论
加载更多评论